བརྒྱལ་ཟིལ་རྫོང་གིས་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོབ་ཀྱི་འདུ་ཤེས་མཐོར་འདེགས་སུ་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-13


        ཉེ་ལམ། གོམ་གང་མདུན་སྤོས་སྒོས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོབ་ཀྱི་འདུ་ཤེས་མཐོར་འདེགས་སུ་གཏང་སླད། གསུམ་བརྒྱད་བུད་མེད་དུས་ཆེན་གྱི་གོ་སྐབས་དང་བསྟུན་ནས་བརྒྱལ་ཟིལ་རྫོང་གི་ཁྲིམས་འཛིན་ཅུས་ཀྱིས་སྣེ་ཁྲིད་བྱས་ཤིང་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་སྒོས་ཚན་ཁག་བགོས་ཏེ་གཞི་རིམ་དུ་ཕྱིན་ནས་ཁྲིམས་ལུགས་ཤེས་བྱའི་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ། ལས་བྱེད་མི་སྣས་གཞི་རིམ་གྱི་ཞིང་འབྲོག་བུད་མེད་བརྒྱ་ལྷག་ལ 《ཁྱིམ་ཚང་གི་དྲག་སྤྱོད་ལ་རྒོལ་བའི་བཅའ་ཁྲིམས།》དང་མི་རིགས་མཐུན་སྒྲིལ་སོགས་དང་འབྲེལ་བའི་ཁྲིམས་ལུགས་ཤེས་བྱ་དང་ཁྲིམ་སྲོལ། དབུལ་སེལ་འགག་སྒྲོལ་གྱི་འབྲེལ་ཡོད་ཤེས་བྱ་ཁྱབ་བསྒྲགས་བྱས། དེ་མིན་ཡུལ་དངོས་སུ་བུད་མེད་སྐོར་ཞིག་གི་གཉེན་སྒྲིག་དང་ཁྱིམ་ཚང་གི་དྲག་སྤྱོད། ཞིང་ཕྱུགས་དང་འབྲེལ་བའི་དམངས་ཕན་སྲིད་ཇུས་སོགས་ཀྱི་དོགས་འདྲི་ལ་ལན་བཏབ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1