གཙོ་ངོས།>> དེང་རབས་མི་སྣ།>>རྩོམ་པ་པོ།

ཀོ་དོ་མཁན་པོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༣ཚེས་༡༣ཉིན།

༄༅།། ཟླ་བ་མེ་ཏོག

       དེ་རིང་རྒྱ་ཆེ་བའི་ཀློག་པ་པོ་ལྷན་རྒྱས་ཀྱི་མིག་ལམ་དུ་དབུལ་རྒྱུ་ནི་བོད་ཀྱི་བུད་མེད་རྩོམ་པ་པོ་ཟླ་བ་མེ་ཏོག་གམ་རྒྱ་མིང་ལ་ཧན་ནན་འབོད་པ་དེ་ཡིན། མོ་ནི་རྒྱལ་མོ་ཚ་བ་རོང་གི་ཡུལ་གྱི་ལྟེ་གནས་ཆུ་ཆེན་ས་ཆར་སྐྱེས་ནས་མཚར་ལོངས་བྱུང་བའི་བུད་མེད་རྩོམ་པ་པོ་ཞིག་ཡིན། མོ་ན་ཆུང་སློབ་གྲྭ་འགྲིམ་དུས་ནས་རྩོམ་རིག་ལ་དགའ་ཞེན་ཆེ་ཞིང་སྤྲོ་མོས་ལྡན་ལ། ལྷག་ཏུ་སྒྲུང་རྩོམ་འབྲི་བར་ཧ་ཅང་དགའ་མོས་ཆེ། 

        ཟླ་བ་མེ་ཏོག་ནི་ཀྲུང་གོའི་སྒྲུང་རྩོམ་རིག་ཚོགས་ཀྱི་ཚོགས་མི་དང་ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། ལུའུ་ཤུན་རྩོམ་རིག་སློབ་གླིང་གི་སྐབས་20པའི་གྲངས་ཉུང་མི་རིགས་རྩོམ་རིག་གསར་གཏོད་འཛིན་གྲྭའི་སློབ་མ། པ་ཅིང་རྩོམ་རིག་སློབ་གླིང་གི་སྐབས་དང་བོའི་ཆེས་མཐོ་བའི་གསོ་སྦྱོང་འཛིན་གྲྭའི་སློབ་མ། སི་ཁྲོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ཚོགས་པའི་མ་ལག་གི་ཕུལ་བྱུང་ལས་སྒྲུབ་པ་སོགས་ཀྱི་མཚན་སྙན་མང་བོ་གསོལ་ཡོད།  
        ཟླ་བ་མེ་ཏོག་གི་རྩོམ་ཆོས་མང་བོ་ཀློག་པ་པོ་དང་ན་གཞོན་གྱི་རྩོམ་པ་པོ། སི་ཁྲོན་རྩོམ་རིག སི་ཁྲོན་ཉིན་རེའི་ཚགས་པར། མཚོ་སྔོན་ཉིན་རེའི་ཚགས་པར། སི་ཁྲོན་པར་རིས་ཚགས་པར། ནན་ཡུན་ཀང་ཉིན་རེའི་ཚགས་པར། རྔ་བའི་ཉིན་རེའི་ཚགས་པར། སྤང་ལྗོངས། གངས་དཀར་རི་བོ་སོགས་ཀྱི་དུས་དེབ་དང་ཚགས་པར་ཐོག་ཏུ་མང་བོ་བཀོད་མྱངས་བ་མ་ཟད། རྩོམ་ཆོས་ཁ་ཤས་དུས་རབས་གསར་བའི་ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་རིག་གི་རྩོམ་ཆོས་སུ་ལེགས་བདམས་བྱས་ཡོད། ༢༠༡༣ལོར་སྒྲུང་རྩོམ་མོའི་རང་མདངས་ཞེས་པའི་དཔེ་དེབ་དངོས་སུ་དཔར་སྐྲུན་བྱས། ད་སྐབས་མོའི་སྒྲུང་རྩོམ་ཁ་བ་བབས་རྗེས་ཕ་ཡུལ་མིག་ལམ་དུ་འཆར་བྱུང་ཞེས་པ་བཀོད་ཡོད་པས། ཀློག་པ་པོ་ལྷན་རྒྱས་ཀྱིས་གཟིགས་རོགས་གནང་བ་ཞུ་ཞུ།།
        

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1