གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༧ཚེས་༡༡ཉིན།

ཧྥ་རན་སི་དང་འཇར་མན་གྱི་མགོ་ཁྲིད་པས་ཡུག་རན་གྱི་ ཙུང་ཐུང་ལ་ཁ་པར་བཏང་།

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་9ཉིན་སྤྱི་བསྒྲགས་སྤེལ་ཏེ། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཉིན་དེར་མཉམ་དུ་ཡུག་རན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ལ་ཁ་པར་བཏང་སྟེ། ཡུག་རན་གྱི་དབང་འཛིན་ལས་ཁུངས་ཀྱིས་ཤར་ཕྱོགས་ས་ཁུལ་གྱི་སི་ལཱ་ཝེ་དབྱང་སི་ཁི་སོགས་གྲོང་ཁྱེར་ཕྱིར་དབང་དུ་བསྡུས་རྗེས་ཀྱི་གནས་བབ་ལ་གྲོས་བསྡུར་བྱས།

སྤྱི་བསྒྲགས་ལས་ཨོ་ལིང་ཏི་དང་མའོ་ཁི་ཨར་གཉིས་ཀྱིས་རྒྱུས་ལོན་བྱུང་བ་ལྟར་ན། པའོ་ལོ་ཧྲིན་ཁི་ཡིས་དམག་དོན་ཐད་ནས་དགོས་ངེས་ཀྱི་རང་ཚོད་བཟུང་སྟེ་མི་སེར་དཀྱུས་མར་ཤི་རྨས་ཐེབས་པར་སྔོན་འགོག་བྱེད་པར་རེ་བ་བཅངས་ཡོད་པར་བཤད། ཨོ་ལིང་ཏི་དང་མའོ་ཁི་ཨར་གྱིས་ཡུག་རན་ཤར་ཕྱོགས་ས་ཁུལ་དུ་ཕྱོགས་གཉིས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་དང་། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་རོགས་རམ་འོག་ཨུ་རུ་སི་དང་ཡུག་རན་གྱི་མཐའ་མཚམས་ས་ཁུལ་དུ་དོ་དམ་ཚོད་འཛིན་བྱས་ཤིང་། མི་གཏའ་ཚང་མ་ཕྱིར་བཏང་སྟེ། ཡུག་རན་གྱི་ཉམས་ཉེན་དེ་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས།

ཨོ་ལིང་ཏི་དང་མའོ་ཁི་ཨར་གཉིས་ཀྱིས་བསྐྱར་བསྒྲགས་བྱས་དོན། ཨུ་རུ་སིའི་དབང་འཛིན་ལས་ཁུངས་ཀྱིས་ཁ་བྲལ་རིང་ལུགས་པར་གནོན་ཤུགས་བྱིན་ཏེ། དེ་གྲོས་མོལ་ལ་ཞུགས་པར་སྐུལ་མ་གཏོང་དགོས་པར་མ་ཟད། ཕན་ནུས་ལྡན་པའི་སྒོ་ནས་ཨུ་རུ་སི་དང་ཡུག་རན་གྱི་མཐའ་མཚམས་ས་ཁུལ་དུ་ཚོད་འཛིན་དོ་དམ་བྱེད་དགོས་ཟེར།

སྤྱི་བསྒྲགས་ལས་བཤད་རྒྱུར། མ་འོངས་པའི་ཉིན་འགའི་རིང་། ཨོ་ལིང་ཏི་དང་མའོ་ཁི་ཨར་གྱིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་མཉམ་དུ་གནད་དོན་དེའི་ཐད་ནས་འབྲེལ་འདྲིས་བྱ་རྒྱུ་ཡིན་ཟེར།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1