ཁྱད་ལྡན་ཞིང་ལས་ལ་སྐུལ་འདེད་བཏང་ནས་ཞིང་བའི་ཡོང་འབབ་འཕར་སྣོན་གཏོང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-14


        ད་ལོར། ཕྱག་ཕྲེང་རྫོང་གིས་ཞིང་ལས་མཁོ་འདོན་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོ་གནད་དུ་བཟུང་ཞིང་ཞིང་ལས་ལྗང་མདོག་འཕེལ་རྒྱས་ཁ་ཕྱོགས་སུ་དམིགས་ནས་ཞིང་ལས+ཡུལ་སྐོར་དང་ཞིང་ལས+བཟོ་ལས། ཞིང་ལས+མཉམ་སྦྲེལ་དྲ་བ་བཅས་ཀྱི་འཕེལ་རྒྱས་ལམ་བུ་གསུམ་དུ་བསྐྱོད་ནས་ལྗང་མདོག་སྐྱེ་ཁམས་རྒྱུན་མཐུད་འཚོལ་སྙེག་དང་སྤུས་ཚད་བསྒྱུར་བཀོད་ལ་དོ་སྣང་བྱ་རྒྱུ་རེད། 
        ཞིང་ལས+ཡུལ་སྐོར་གྱི་ལམ་བུ་སྟེ་རྫོང་མཁར་ཉེ་འགྲམ་གྱི་སྡེ་བས་དུས་ཚིགས་དང་མཐུན་པའི་སིལ་ཏོག་འདེབས་འཛུགས་ལ་གཞོལ་ཏེ་མཉམ་རོལ་རང་བཞིན་གྱི་ཞིང་ལས་དར་སྤེལ་དང་ངལ་གསོ་བསྟི་གནས་སྒྲིག་འཛུགས་བྱས་ནས་ས་གནས་རང་གི་ཁྱད་ཆོས་ལྡན་པའི་ཞིང་ལས་དང་ཡུལ་སྐོར་མཉམ་སྦྲེལ་གྱི་རྣམ་པ་ཆགས་སུ་འཇུག་དགོས། 
        ཞིང་ལས+བཟོ་ལས་ཀྱི་ལམ་བུ་སྟེ་ཞིང་ལས་ཐོན་ལས་འཕེལ་རྒྱས་སུ་བཏང་ནས་ཞིང་ལས་ཀྱི་ལོར་གཏོགས་ལས་རིགས་གོང་འཕེལ་དུ་གཏོང་བ་སྟེ། ཞིང་ལས་ཐོན་རྫས་ཀྱི་ལས་སྣོན་དང་ཐུམ་སྒྲིལ། ཚོང་རྟགས་གསར་གཏོད་བཅས་ཀྱི་ལས་ཀ་ལེགས་པོར་བསྒྲུབ་དགོས། 
        ཞིང་ལས+མཉམ་སྦྲེལ་དྲ་བའི་ལམ་བུ་སྟེ་རྫོང་ཡོངས་ཀྱི་ཚོང་རྫས་སྐྱེལ་འདྲེན་ལེགས་བཅོས་བྱེད་པ་གནད་འགག་ཏུ་བཟུང་ནས་སྔར་ལས་སྟབས་བདེ་ཡིན་པའི་སྐྱེལ་འདྲེན་མ་ལག་འཛུགས་དགོས་པར་མ་ཟད། གློག་རྡུལ་ཚོང་ལས་ཀྱི་འཇོན་མི་གསོ་སྐྱོང་ལ་ཤུགས་སྣོན་བྱ་དགོས། ཆེད་ལས་མཁས་པ་གདན་ཞུ་བྱས་ནས་ཟབ་སྦྱོང་དང་ལས་གཏོད་ལ་མཛུབ་སྟོན་བྱས་ནས་ལོ་ངོ་གཅིག་གི་ནང་ལ་སྡེ་བ་རེར་གློག་རྡུལ་ཚོང་ལས་ཀྱི་སྣེ་ཁྲིད་པ་གཅིག་ནས་གཉིས་བར་གསོ་སྐྱོང་བྱ་དགོས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1