གཙོ་ངོས།>> སྒྱུ་རྩལ།>>ལག་རྩལ།

སྒྲོལ་མ་ཚེ་བརྟན་གྱིས་བྲིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༣ཚེས་༡༥ཉིན།

༄༅།། བོད་བརྒྱུད་ནང་བསྟན་སྒྱུ་རྩལ་གྱི་རྡོ་རིང་།

        བོད་ལྗོངས་རྒྱལ་རྩེ་དཔལ་ཆོས་དགོན་པ་ནི་སྤྱི་ལོ་1418ལོར་རྒྱལ་རྩེ་ཆོས་རྒྱལ་རབ་བརྟན་དང་པན་ཆེན་སྐུ་ཕྲེང་དང་པོ་མཁས་གྲུབ་རྣམ་རྒྱལ་གཉིས་ཀྱིས་བཞེངས་སྐྲུན་བྱས་པ་དང་དེ་ནི་ས་སྐྱ་དང་དབུ་སྟོན། དགེ་ལུགས་བཅས་གྲུབ་མཐའ་གསུམ་མཉམ་དུ་འདུས་པའི་དགོན་སྡེ་ཞིག་ཡིན་ཞིང་འདི་ཡང་དཔལ་ཆོས་དགོན་གྱི་ཁྱད་ཆོས་ཤིག་ཏུ་གྲུབ་ཡོད།

ཆོས་རྒྱལ་མེས་དཔོན་རྣམ་གསུམ་གྱི་སྐུ་བརྙན། 

        དགོན་པ་འདིར་གྲགས་ཆེ་བ་ནི་ལྷ་ཁང་ཆེན་མོ་དང་སྐུ་འབུམ་མཆོད་རྟེན་ཆེན་མོ་བཀྲ་ཤིས་སྒོ་མང་། བཀའ་འགྱུར་གསེར་ཆོས་རྒྱལ་རྩེ་ཐེམ་སྤངས་མ་བཅས་ཡིན་ལ་ལྷ་ཁང་ཆེན་མོའི་བར་སྟོང་དུ་སངས་རྒྱས་བྱང་སེམས་ཀྱི་ལྡེབས་རིས་ཡོད་པ་དང་གློ་འབུར་ཤར་ནུབ་ཀྱི་ལྷ་ཁང་ནང་གི་ལྷ་ཚོགས་གཙོ་བོ་རྣམས་འབུར་སྐུ་དང་ལྡེབས་རིས་སུ་བྲིས་ཡོད་པ་དང་ལྡེབས་རིས་ལ་སྤྱན་རས་གཟིགས་ཀྱི་སྐུའི་རྣམ་པ། ལྷ་ཁང་ཆེན་མོའི་གཞལ་ཡང་ཁང་ཆེན་མོའི་གཡས་ངོས་ཀྱི་འབྲས་ལྷ་ཁང་ནང་དུ་འབུར་སྐུ་དང་ལྡེབས་རིས་སོགས་མི་འདྲ་བ་མང་པོ་ཡོད། ཧ་ཅང་ཕུན་སུམ་ཚོགས་པའི་དཔལ་འཁོར་མཆོད་རྟེན་གྱི་འཛུགས་སྐྲུན་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པས་འཛམ་གླིང་གནའ་བོའི་མཆོད་རྟེན་འཛུགས་སྐྲུན་ཁྲོད་ཀྱི་དངོས་རྫས་རྩ་ཆེན་ཞིག་ཡིན་པ་དང་མཆོད་རྟེན་དེ་ནི་ཕྱི་ཡི་བཟོ་དབྱིབས་བདེ་བཤེགས་མཆོད་རྟེན་བརྒྱད་ཀྱི་ནང་ཚན་བཀྲ་ཤིས་སྒོ་མང་གི་རྣམ་པ་ཡིན་པ་ལ་ལྷ་ཁང་108དང་ལྷ་སྐུ་གསེར་བྲིས་མ་འབུམ་ལྷག་ཡོད་པ་དང་ལྷ་ཁང་ཚང་མར་མདོ་དང་རྒྱུད་སྡེ་ནས་བཤད་པའི་ལྷ་སྐུའི་རྣམ་འགྱུར་མི་འདྲ་བའི་འབུར་སྐུ་དང་བྲིས་སྐུ། དཀྱིལ་འཁོར། མཆོད་རྟེན་ཆེན་མོ་སོགས་བར་མཚམས་མེད་པར་ཁེངས་ཡོད་པ་དང་། བཀའ་འགྱུར་གསེར་ཆོས་རྒྱལ་རྩེ་ཐེམ་སྤངས་མའི་པོད་བརྒྱ་དང་བཅུ་གཅིག་ཡོད་པ་དེ་དེང་སང་ལྷ་ཁང་ཆེན་མོའི་སྦུགས་ཀྱི་གཙང་ཁང་གཡོན་མའི་ནང་དུ་བཞུགས་ཡོད།
རྒྱལ་ཆེན་སྡེ་བཞི་ལས་བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས་དང་ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་སྲུང་།
        མདོར་ན་རྒྱལ་རྩེ་དཔལ་འཁོར་ཆོས་སྡེའི་དགོན་པ་འདི་ནི་ནང་རིན་ཐང་ཆེ་བའི་རྟེན་གསུམ་དང་ལྡེབས་རིས་སོགས་ཧ་ཅང་མང་ཞིང་། ལོ་རྒྱུས་ཡུན་རིང་ལྡན་པའི་དགོན་པ་འདི་1996ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་ལ་གཏན་འཁེལ་གནང་། ། 
ཚེ་དཔག་མེད་ཀྱི་འཇིམ་སྐུ།
འཇམ་དབྱངས་སྨྲ་སེང་གི་སྐུ་བརྙན།

རྡོ་རྗེ་སེམས་དཔའི་སྐུ་བརྙན།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1