རྔ་བ་ཁུལ་གྱི་བོད་རྒྱ་སྐད་གཉིས་ཚད་ཞིབ་ཁྲོད་ཨང་དང་པོའི་གྲུབ་འབྲས་བླངས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-16


        ཕྱོགས་ཡོངས་ནས་ལས་བྱེད་པའི་བོད་ཡིག་ཆུ་ཚད་དང་གྲོང་སྡེའི་ལས་བྱེད་པའི་རྒྱ་ཡིག་གི་ཆུ་ཚད་ཡར་ཐོན་ཡོང་ཆེད། 2016ལོ་ནས་བཟུང་། རྔ་བ་ཁུལ་གྱིས་ནན་ཏན་ངང་སི་ཁྲོན་ཞིང་ཆེན་བོད་ཁུལ་གྱི་ལས་བྱེད་པའི་བོད་རྒྱ་སྐད་གཉིས་གསོ་སྦྱོང་དང་ཚད་ཞིབ་བྱེད་ཐབས་ལག་བསྟར་བྱས་ཤིང་། ནན་ཏན་གྱིས་ཁུལ་དང་རྫོང་། གྲོང་སྡེ་དང་གྲོང་སྡེའི་ལས་བྱེད་པའི་བོད་རྒྱ་སྐད་གཉིས་ཀྱི་གསོ་སྦྱོང་ཚད་ལེན་ལས་ཀ་རྩ་འཛུགས་བྱས་ཏེ། ཁུལ་ཡོངས་ཀྱི་ཚད་ལེན་གྱི་འགན་ཁུར་ཡོད་པའི་རྫོང་དང་གྲོང་ཁྱེར་བཅུ་གཅིག་གི་ཚད་ཞིབ་ཁྲོད་ཨང་དང་པོའི་གྲུབ་འབྲས་བླངས། 
        རྒྱུས་ལོན་བྱུང་བ་ལྟར་ན། གསོ་སྦྱོང་ཚད་ཞིབ་ཀྱིས་ནན་ཏན་ངང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་བླང་བྱ་ལྟར། ཡིག་རྒྱུགས་དང་ཁ་རྒྱུགས་ཟུང་འབྲེལ་བྱས་ནས་རྫོང་དང་གྲོང་ཁྱེར་ཁག་བཅུ་གཅིག་གི་ལས་བྱེད་པ4294ཚད་ཞིབ་རྒྱུགས་གཞི་ལ་ཞུགས། ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར་ཁག་བཅུ་གཅིག་གི་ལས་ཁུངས་དང་གྲོང་ཚོའི་ལས་བྱེད་པའི་ཚད་ཞིབ་ཁྲོད་གྲུབ་འབྲས་གཡུར་དུ་ཟ་བླངས་ནས་ཞིང་ཆེན་གྱི་བླང་བྱའི་དམིགས་འབེན་ལེགས་འགྲུབ་བྱུང་།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1