གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༧ཚེས་༡༡ཉིན།

སའི་གོ་ལའི་ལོ་རྒྱུས་ཐོག་གི་བྱ་ཆེ་ཤོས་ཀྱི་གཤོག་པ་བརྐྱངས་ན་སྨི་6ལྷག་ཡོད།

ཨ་རིའི་ཞིབ་འཇུག་མི་སྣས་ཚེས་7ཉིན་ཨ་རིའི་ཁ་ལོའོ་ལའེ་ནཱ་ལྷོ་མ་ཀྲོའུ་ནས་སྔོག་འདོན་བྱས་པའི་བསྐལ་པ་ཡ་ཐོག་གི་མཚོ་བྱའི་འགྱུར་རྡོར་དབྱེ་ཞིབ་བྱས་པར་གཞིགས་ན།མཚོ་བྱ་དེ་རིགས་ནི་སའི་གོ་ལའི་ལོ་རྒྱུས་ཐོག་དེ་སྔ་བྱུང་མྱོང་བའི་བྱ་རིགས་ཆེ་ཤོས་ཡིན་ཤས་ཆེ་བ་དང་།དེའི་གཤོག་པ་བརྐྱངས་ན་རིང་ཚད་སྨི་6.1ནས་སྨི་7.4བར་ཡིན་པ་རེད།        

ཨ་རིའི་ཏ་ལེ་མུ་རྒྱལ་ཁབ་འཕེལ་འགྱུར་ཕྱོགས་བསྡུས་ལྟེ་གནས་ཀྱི་ཏན་ཉིར·ཁེ་སའེ་ཕུའུ་ཁ་ཡིས་ཨ་རིའི《རྒྱལ་ཁབ་ཚན་རིག་ཁང་གི་རིག་གཞུང་དུས་དེབ》ཐོག་མཚོ་བྱ་དེ་རིགས་ཀྱི་གཤོག་པ་བརྐྱངས་ན་ཆ་སྙོམས་སྨི་6.4ཙམ་ཡོད་པ་དང་དེ་གོང་གི་ཟིན་ཐོའི་རྒྱུན་འཛིན་མཁན་སྔ་ས་ནས་སྟོངས་པའི་ཨ་ཀེན་ཐིན་གྱི་བྱ་གླག་ཆེན་པོ་ལས་བརྒལ་བ་མ་ཟད།ད་ལྟ་གནས་པའི་སའི་གོ་ལའི་ཐོག་གི་བྱ་རིགས་ཆེ་ཤོས་སྟེ་གོང་མ་ཚང་གི་ཆུ་སྐྱར་གྱི་གཤོག་པའི་ལྡབ་གཉིས་ཡིན་པ་རེད་ཅེས་འཁོད་ཡོད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1