ལྷ་ས་གྲོང་ཁྱེར་གྱིས་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་རང་བྱུང་ཤུལ་བཞག་མཉམ་འདྲེས་ཐུབ་པ་བྱེད་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། བོད་ལྗོངས་འཕྲིན་དྲ། སྤེལ་དུས། 03-17


        ལོ་ལྔ་ཚན་བཅུ་གསུམ་པའི་རིང༌།  ལྷ་ས་གྲོང་ཁྱེར་གྱིས་རིག་གནས་ཡུལ་སྐོར་དང་རང་བྱུང་ཤུལ་བཞག་སྲུང་སྐྱོབ་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས ༡༨ ལག་བསྟར་བྱེད་རྒྱུ་དང༌།  རྣམ་གྲངས་དེ་དག་ལག་བསྟར་བྱེད་པ་བརྒྱུད་ལྷ་ས་གྲོང་ཁྱེར་གྱི་སྲོལ་རྒྱུན་འཛུགས་སྐྲུན་ལ་སྲུང་སྐྱོབ་བྱེད་རྒྱུ་དང་།  དེ་བས་ལེགས་པའི་སྒོ་ནས་མི་རིགས་རིག་གནས་རྒྱུད་འཛིན་བྱེད་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་དང༌།  རིག་གནས་ཡུལ་སྐོར་ཐོན་ཁུངས་དང་རང་བྱུང་ཤུལ་བཞག་དེ་བས་ལེགས་པའི་སྒོ་ནས་རིག་གནས་ཡུལ་སྐོར་གོང་འཕེལ་གྱི་ཐོན་ལས་ནང་མཉམ་འདྲེས་ཐུབ་པ་བྱེད་རྒྱུ་རེད། 
        ངོ་སྤྲོད་བྱས་པར་གཞིགས་ན།  ལོ་ལྔ་ཚན་བཅུ་གསུམ་པའི་རིང༌།  ལྷ་ས་གྲོང་ཁྱེར་གྱི་རྣམ་གྲངས ༡༨ དེ་དག་ཀྲུང་དབྱང་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པའི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ནང་བཅུག་ཟིན་པ་དང༌།  འཆར་འགོད་དེའི་ནང་རིག་གནས་ཡུལ་སྐོར་དང་རང་བྱུང་ཤུལ་བཞག་སྲུང་སྐྱོབ་སྒྲིག་བཀོད་འཛུགས་སྐྲུན་དེ་རིགས་ཆེན་པོ་གསུམ་ལ་དབྱེ་ཡོད་པ་སྟེ།  རྒྱལ་ཁབ་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོབ་བེད་སྤྱོད་སྒྲིག་བཀོད་འཛུགས་སྐྲུན་དང་གཅིག  ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་སྒྲིག་བཀོད་འཛུགས་སྐྲུན་དང་གཉིས།  སྤྱི་པའི་རིག་གནས་སྒྲིག་བཀོད་འཛུགས་སྐྲུན་དང་གསུམ་བཅས་རེད།  
        རིག་གནས་བྱ་གཞག་གོང་འཕེལ་གྱི་དམིགས་ཚད་ནི་སྤྱི་ལོ ༢༠༢༠ ལོར་སླེབས་སྐབས་ལྷ་ས་གྲོང་ཁྱེར་འདི་ཉིད་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་བྱེད་གནས་དང་།  འཛམ་གླིང་ཡུལ་སྐོར་གྱི་དམིགས་ས་གཙོ་བོར་སྤྱིར་ནས་སྐྲུན་ཐུབ་པ་བྱེད་རྒྱུ་དེ་ཡིན། 
  ཤེས་རྟོགས་བྱུང་བར་གཞིགས་ན།  རྣམ་གྲངས་ནང་བོད་ལྗོངས་ར་སྒྲེང་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་དང་བོད་ལྗོངས་གནམ་མཚོའི་གཉན་ཆེན་ཐང་ལྷའི་གྲགས་ཅན་ཡུལ་ལྗོངས་ཁུལ།  ལྷ་ས་གྲོང་ཁྱེར་གྱི་གྲགས་ཅན་གྲོང་ཁྱེར་ཁྲོམ་གཞུང༌།  ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཐོན་པ་ཤང་ཐོན་མདའ་གྲོང་ཚོ།  ལྷ་སའི་ནང་མ་སྲུང་སྐྱོབ་བེད་སྤྱོད་ཁྲིད་སྦྱོང་ཁང་གི་འཛུགས་སྐྲུན་རྣམ་གྲངས།  སྙེ་མོའི་འབག་དཀར་པོའི་ལྷ་མོ་སྲུང་སྐྱོབ་བེད་སྤྱོད་ཁྲིད་སྦྱོང་ཁང་གི་འཛུགས་སྐྲུན་རྣམ་གྲངས།  ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་མི་རིགས་སྒྱུ་རྩལ་ཚོགས་པ།  གསར་དུ་སྐྲུན་པའི་རྫོང་རིམ་པའི་དཔེ་མཛོད་ཁང་ལྔ་སོགས་ཚུད་ཡོད།  རྣམ་གྲངས ༡༨ ནང་ལྷ་སའི་ནང་མ་སྲུང་སྐྱོབ་བེད་སྤྱོད་ཁྲིད་སྦྱོང་ཁང་འཛུགས་སྐྲུན་དང་སྙེ་མོའི་འབག་དཀར་པོའི་ལྷ་མོ་སྲུང་སྐྱོབ་བེད་སྤྱོད་ཁྲིད་སྦྱོང་ཁང་འཛུགས་སྐྲུན་གྱི་རྣམ་གྲངས་གཉིས་ཀ་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1