2017ལོའི་ཚན་རྩལ་གྱི་དཔྱིད་ཀ་ཞེས་པའི་བྱེད་སྒོ་འབར་ཁམས་གྲོང་ཁྱེར་ནས་སྤེལ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-17


        སྤྱི་ཟླ་3པའི་ཚེས་16ཉིན། 2017ལོའི་ཚན་རྩལ་གྱི་དཔྱིད་ཀ་ཞེས་པའི་བྱེད་སྒོ་དེ་འབར་ཁམས་གྲོང་ཁྱེར་ནས་སྤེལ། བྱེད་སྒོ་དེ་རྔ་བ་ཁུལ་ཚན་རྩལ་ཤེས་བྱའི་ཐོབ་དབང་ཅུས་གྱིས་སྣེ་ཁྲིད་བྱས་ཤིང་། རྔ་བ་ཁུལ་དྲིལ་བསྒྲགས་པུའུ་དང་ཁུལ་ཚན་རྩལ་མཐུན་ཚོགས། ཁུལ་གནམ་གཤིས་བརྟག་དཔྱད་ཅུས་སོགས་ཁུལ་རིམ་པའི་ལས་ཁུངས་14ཡིས་མཉམ་བསྒྲུབ་བྱས་པ་རེད།
        རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་དྲིལ་བསྒྲགས་བྱེད་སྒོས་ལྗང་མདོག་འཕེལ་རྒྱས་ངང་དབུལ་སྒྲོལ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ་ཞེས་པ་བརྗོད་བྱ་གཙོ་བོར་བཟུང་ཞིང་། ཁུལ་ཡོངས་ཀྱི་ཞིང་ལས་དང་གྲོང་གསེབ། དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་གཙོར་བོར་བཟུང་ནས། ཤུགས་ཆེན་པོས་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་དང་གྲོས་འདྲི་ཞབས་ཞུ་སོགས་ཀྱི་བྱེད་སྒོ་སྤེལ། བྱེད་སྒོའི་ཁྲོད་དྲིལ་བསྒྲགས་ཡིག་ཆ་རིགས་80ལྷག་དང་། འབྲེལ་ཡོད་དཔེ་དེབ་18000ལྷག་རིན་མེད་སྒོས་མང་ཚོགས་ལ་སྤྲད་པ་དང་། མི་650ལྷག་བྱེད་སྒོའི་ནང་ཞུགས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1