12315དྲ་སྦྲེལ་ལས་སྟེགས་འཁོར་སྐྱོད་ཚོད་ལྟ་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 03-20


        ཉེ་ཆར། རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ཀྱིས་རྒྱལ་ཡོངས་ཀྱི་12315དྲ་སྦྲེལ་ལས་སྟེགས་སྤྱོད་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་དང་། ལས་སྟེགས་དེའི་དྲ་གནས་ནི“WWW.12315.cn”ཡིན་པ་དང་། ལག་ཐོགས་ཁ་པར་གྱི་APPམིང་ནི“རྒྱལ་ཡོངས་ཀྱི་12315དྲ་སྦྲེལ་ལས་སྟེགས”ཡིན་པ། སྐད་འཕྲིན་སྤྱི་རྟགས་ནི“རྒྱལ་ཡོངས་ཀྱི་12315དྲ་སྦྲེལ་ལས་སྟེགས”ཡིན་པ། སྐད་འཕྲིན་གྱི་རིམ་པ་ཆུང་ངུའི་མིང་ནི“12315”རེད། ལས་སྟེགས་དེ་སྤྱོད་འགོ་ཚུགས་པ་ལས་རང་རྒྱལ་གྱི་བཟོ་ཚོང་དང་ཁྲོམ་རའི་ལྟ་སྡོམ་སྡེ་ཚན་གྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལས་དོན་དྲ་སྦྲེལ+གྱི་དུས་རབས་སུ་སླེབས་པ་མཚོན་ཡོད། 
        ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཡོངས་ཀྱི་12315དྲ་སྦྲེལ་ལས་སྟེགས་ཀྱི་དུས་ཐེངས་དང་པོའི་འདུ་འགོད་དངོས་སུ་འཁོར་སྐྱོད་བྱས་རྗེས་འཛད་སྤྱོད་པས་ལས་སྟེགས་ཐོག་ཞུགས་ནས་ཐོ་བཀོད་རྗེས་གློག་ཀླད་དང་། ལག་ཐོགས་ཁ་པར་གྱི་APPདང་དེ་བཞིན་སྐད་འཕྲིན་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་ཆུ་ཚོད་24རིང་སྟབས་བདེ་བའི་སྒོ་ནས་ཞུ་གཏུག་དང་ཐེར་འདོན་གོང་ཞུ་བྱེད་ཆོག་པ་དང་དུས་མཚུངས། ས་གནས་ཁག་གི་བཟོ་ཚོང་དང་ཁྲོམ་རའི་ལྟ་སྡོམ་སྡེ་ཚན་གྱིས་ལས་སྟེགས་ཀྱི་རྒྱབ་སྐྱོར་འོག་འཛད་སྤྱོད་པའི་རེ་ཞུ་ཐག་གཅོད་ནུས་ལྡན་ཐུབ་སྟེ་འཛད་སྤྱོད་པའི་རེ་ཞུ་དྲ་ཐོག་ནས་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཕྱི་གསལ་ནང་གསལ་ཐུབ་རྒྱུ་རེད། དུས་ཐེངས་གཉིས་པའི་འདུ་འགོད་དེ་2017ལོའི་ལོ་མཇུག་གོང་ལེགས་གྲུབ་བྱེད་རྩིས་ཡོད་པ་དང་། འཛད་སྤྱོད་པའི་རྩོད་གཞི་དྲ་ཐོག་ནས་བསྡུ་ལེན་དང་། དྲ་ཐོག་ནས་མཐུན་སྦྱོར། དྲ་ཐོག་ནས་རྗེས་འདེད་བཏང་ནས་བསྒྲུབ་རྒྱུར་ལྟ་སྐུལ་བཅས་སྔར་བས་ཐུབ་པ་བྱས་ནས། ས་ཁོངས་ལས་སྒྲོལ་བ་དང་མངའ་ཁོངས་ལས་སྒྲོལ་བའི་འཛད་སྤྱོད་པའི་རྩོད་གཞི་དྲ་ཐོག་ནས་ཐག་གཅོད་ཐུབ་རྒྱུར་སྐུལ་མ་གཏང་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1