སྨུག་རྡུལ་གྱི་གཡུལ་འཐབ་ལས་རྣམ་པར་རྒྱལ་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-20


        ཉེ་ལམ། ཙུང་ལི་ལི་ཁེ་ཆང་གིས《སྲིད་གཞུང་བྱ་བའི་སྙན་ཞུ།》དོན་འཁྱོལ་བྱེད་པའི་ལས་ཀའི་ཁྲོད་འོས་འགན་ཞིག་གསར་དུ་བསྣན་པ་རེད། དེ་ནི་ཆེད་སྤྱོད་མ་དངུལ་གཅིག་སྡུད་དང་འབྲེལ་ཡོད་ཕུལ་བྱུང་ཚན་རིག་པ་རྩ་འཛུགས་བྱས་ནས་གཅིག་སྡུད་སྒོས་སྨུག་རྡུལ་གྱི་བྱུང་བ་དང་ལེགས་བཅོས་ལ་ཞིབ་འཇུག་བྱ་རྒྱུ་དེ་རེད། 
        ཙུང་ལི་ལི་ཁེ་ཆང་གིས་ལས་ཀ་འདི《སྲིད་གཞུང་བྱ་བའི་སྙན་ཞུ།》དུ་བཀོད་མེད་ནའང་། བདག་གི་གསར་འགོད་པའི་གྲོས་ཚོགས་སྟེང་ཁས་ལེན་བྱས་ཟིན་པ་ཡིན། དེ་རིང་ང་ཚོས་གཏན་འཁེལ་བྱས་ཏེ་སྡེ་ཁག་ལས་བརྒལ་པའི་རིག་ཚན་མང་པོའི་ཚན་རིག་པ་མང་པོ་རྩ་འཛུགས་བྱས་ཏེ་གཅིག་སྡུད་སྒོས་འགག་སྒྲོལ་བྱ་དགོས། སྨུག་རྡུལ་ནི་མང་ཚོགས་ཀྱི་བདེ་ཐང་དང་འབྲེལ་བས་མང་ཚོགས་ཀྱིས་དེ་ལ་རེ་བ་ཆེན་པོ་བཅངས་ཡོད་པ་རེད།  དེ་བས་དུས་ཚོད་དམ་འཛིན་བྱས་ཏེ་གཞི་རྒྱ་ཆེ་ཞིང་སྤུས་ཀ་ལེགས་པའི་རྟོག་ཞིབ་ཞིབ་འཇུག་བྱས་ནས་སྨུག་རྡུལ་ལེགས་བཅོས་ཀྱི་ཕན་ནུས་ལྡན་པའི་བྱེད་ཐབས་བཙལ་ནས་མང་ཚོགས་ལ་རྩིས་སྤྲོད་ལེགས་པོར་བྱ་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1