ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཏི་སིན་ལི་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-20


        སྤྱི་ཟླ་3པའི་ཚེས་19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཏི་སིན་ལི་དང་མཇལ་འཕྲད་གནང་། 
        རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅི་ཕིང་གིས་དེང་སྐབས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་འཕེལ་རྒྱས་གོ་སྐབས་གལ་ཆེན་ལ་འཕྲད་ཡོད། ང་དང་ཙུང་ཐུང་ཐི་ལང་ཕུའུ་གཉིས་ཀྱིས་ཁ་པར་དང་འཕྲིན་ཡིག་བརྒྱུད་ནས་ཕྱོགས་གཉིས་བར་གྱི་མཐུན་སྦྱོར་རྒྱུན་འཁྱོངས་བཟང་བོ་བྱས་ཡོད་པ་དང་། ང་ཚོས་བསམ་ན་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཁྱོན་ཡོངས་ནས་མཉམ་ལས་ཀྱི་གྲོགས་པོ་བཟང་བོར་འགྱུར་ཐུབ། གཙོ་བོ་ཕྱོགས་གཉིས་ཀྱིས་ཆེས་ཆེ་བའི་སྤྱིའི་བགོ་གྲངས་རྒྱུན་འཁྱོངས་བྱེད་ཐུབ་ན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཡང་དག་པའི་ཁ་ཕྱོགས་ལྡན། ཕྱོགས་གཉིས་ཀྱིས་བདག་དང་ཙུང་ཐུང་ཐི་ལང་ཕུའུ་བར་ལ་བྱུང་བའི་ཐུན་མོང་གི་ལྟ་ཚུལ་དང་དགོངས་དོན་གཞིར་བཟུང་ནས། མཐོ་རིམ་དང་རིམ་པ་སོ་སོའི་བར་གྱི་འགྲོ་འོང་ལ་ཤུགས་སྣོན་པ་དང་། ཕྱོགས་གཉིས་དང་ས་ཁུལ། འཛམ་གླིང་རིམ་པའི་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་བསྐྱེད་པ། གནད་དོན་གལ་ཆེན་ལེགས་བཅོས་དང་ཚོད་འཛིན་གང་ལེགས་བྱས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་མགོ་ཚུགས་ས་གསར་བའི་སྟེང་ནས་བདེ་ཐང་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས་ཞེས་བསྟན། 
        ཏི་ལི་སིན་གྱིས་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕེན་ལ་འཚམས་འདྲི་ཞུས་པ་རྒྱུད་སྒྲོག་གནང་སྟེ་ཙུང་ཐུང་ཐི་ལང་ཕུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཁ་པར་འབྲེལ་འདྲིས་བྱས་པར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་སྔ་མོ་ནས་གྲོས་མོལ་བྱེད་པར་རེ་སྒུག་བྱས་ཡོད་པར་མ་ཟད། གོ་སྐབས་དང་བསྟུན་ནས་ཀྲུང་གོར་འཚམས་འདྲི་བྱས་ཏེ། ཨ་མེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མ་འོངས་པའི་ལོ་ལྔ་བཅུའི་རིང་གི་འབྲེལ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཏན་འཁེལ་བྱ་འདོད་པར་མ་ཟད། ཨ་མེ་རི་ཁའི་ཕྱོགས་ནས་འགལ་བ་དང་ངོ་རྒོལ་མེད་པ། ཕན་ཚུན་ལ་བརྩི་བཀུར་དང་མཉམ་ལམ་གཉིས་རྒྱལ་གྱི་དགོངས་དོན་ལྟར་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་བཏང་ནས་རྒྱུན་ཆད་མེད་པར་ཨ་མེ་རི་ཁ་དང་ཀྲུང་གོའི་ཕན་ཚུན་ལ་རྒྱུས་ལོན་དང་རྒྱལ་ཁབ་གཉིས་ཀྱི་མཐུན་སྦྱོར་མཉམ་ལས་ཤུགས་སྣོན་བྱས་ཏེ་མཉམ་དུ་རྒྱལ་སྤྱིའི་སྤྱི་ཚོགས་འཕྲད་པའི་འཁྲིག་སློང་ལ་ཁ་གཏད་འཇལ་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1