ལོ་རྒྱུས་སྙན་རྩོམ་རིང་མོ་གླིང་སྒྲུང་སྲུང་སྐྱོབ་ལས་གཞི་ལག་བསྟར་བྱེད་འགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 03-21


        ཉེ་ལམ། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་གཙོ་གནད་རིག་གནས་ལས་གཞི་ལོ་རྒྱུས་སྙན་རྩོམ་རིང་མོ་གླིང་སྒྲུང་མྱུར་སྐྱོབ་སྲུང་སྐྱོབ་ཀྱི་སྤྱི་ལོ་2017ལོ་ནས་2021བར་གྱི་ལོ་ལྔའི་འཆར་འགོད་ལས་དོན་སྤེལ་འགོ་ཚུགས་ཡོད་པ་རེད། 
        ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་མྱུར་སྐྱོབ་སྲུང་སྐྱོབ་བྱ་རྒྱུའི་ནང་། གླིང་སྒྲུང་གི་རིག་གཞུང་གཅེས་ཉར་དཔར་མ་ཁག་108དང་། གླིང་སྒྲུང་བོད་ཡིག་རིག་གཞུང་དཔེ་སྐྲུན་ཁག་100 གླིང་སྒྲུང་རིག་གཞུང་གི་རྒྱ་བསྒྱུར་དཔར་མ་ཁག་30 གླིང་སྒྲུང་གི་ཚད་ལྡན་རོལ་དབྱངས་ཕྱོགས་བསྒྲིགས། གླིང་སྒྲུང་གི་དཔེར་མཚོན་གཏམ་དཔེའི་དཔར་མ་ཁག་7སོགས་ཀྱི་རྣམ་གྲངས་ཚུད་ཡོད་པ་རེད།
        མིག་སྔའི་བར་སླེབས་དུས། དཔར་མ་གདམ་གསེས་བྱས་ཟིན་པ་དང་། གླིང་སྒྲུང་གི་སྐད་གཉིས་མིང་བྱང་གི་དུས་མཚམས་སྔོན་མའི་འཚོལ་བཤེར་ལེགས་སྒྲིག་པར་འདེབས་བྱ་རྒྱུ་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་ཡོད་པ་མ་ཟད་ཟློས་གར་20ཡི་གཞས་མ་གཏམ་པར་ལེན་སྒྲིག་བཟོ་བྱས་ཡོད་པ་རེད། 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1