རྒྱལ་ཡོངས་ཀྱི་<<གླིང་སྒྲུང་>>དོ་དམ་མི་སྣའི་གསོ་སྦྱོང་འཛིན་གྲྭ་བཙུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-11


        ཟླ་7ཚེས་8ཉིན་རྒྱལ་ཡོངས་<<གླིང་སྒྲུང་>>ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དང་མཚོ་སྔོན་ཞིང་ཆེན་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས་ཀྱིས་མཉམ་དུ་གཙོ་སྒྲུབ་གནང་བའི་རྒྱལ་ཡོངས་ཀྱི་<<གླིང་སྒྲུང་>>དོ་དམ་མི་སྣ་དང་མཚོ་སྔོན་ཁུལ་གསུམ་(ཐག་རིང་དབུལ་པོའི་ས་ཁུལ། གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ།  མཐའ་མཚམས་མི་རིགས་ས་ཁུལ་)གྱི་ཤེས་ལྡན་མི་སྣའི་མངོན་མིན་རིག་གནས་ཤུལ་བཞག་ལས་དོན་མི་སྣའི་གསོ་སྦྱོང་འཛིན་གྲྭ་མཚོ་སྔོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་གཉེར་བ་རེད། གསོ་སྦྱོང་འཛིན་གྲྭའི་དུས་ཡུན་ཉིན་གསུམ་ཡིན་པ་དང་། མཚོ་སྔོན་དང་། 

པེ་ཅིང་།  སི་ཁྲོན།  ཀན་སུའུ།  ནང་སོག  བོད་ལྗོངས་སོགས་ཞིང་ཆེན་དང་གྲོང་ཁྱེར།  རང་སྐྱོང་ལྗོངས་བཅས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ལས་དོན་མི་སྣ་50ལྷག་ཙམ་གསོ་སྦྱོང་ནང་ཞུགས་པ་རེད། 

     གསོ་སྦྱོང་འཛིན་གྲྭར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རྩོམ་རིག་ཞིབ་འཇུག་སུའོ་རིགས་པའི་གཞུང་ལུགས་ཁང་གི་ཀྲུའུ་རེན་ཞིབ་འཇུག་པ་འབུམ་རམས་པ་དཔལ་མོ་ཆོས་མོ་དང་།  རྒྱལ་ཡོངས་<<གླིང་སྒྲུང་>>ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་འབུམ་རམས་པ་ནོར་བུ་དབང་ལྡན་སོགས་གདན་འདྲེན་ཞུས་ཏེ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ཐད་ཀྱི་སྲིད་ཇུས་ཁྲིམས་སྲོལ་དང་།  གྲངས་གཞིའི་མཛོད།  ཡིག་ཚགས་བཟོ་བ། << གླིང་སྒྲུང་>>རྒྱུན་འཛིན་དང་སྲུང་སྐྱོང་སོགས་སྐོར་གྱི་ནང་དོན་སློབ་ཁྲིད་བྱས་པ་རེད།  


རྩོམ་ཡིག་སྔོན་མ།
རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1