འཕྲོད་བསྟེན་དང་བདེ་ཐང་གི་རྣམ་གྲངས་སོ་སོའི་ལས་ཀ་ཁག་ཁྱོན་ཡོངས་ནས་ལེགས་པོར་བསྒྲུབ་དགོས་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-22


        ཟླ་3པའི་ཚེས་20ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་ཡིས་སི་ཁྲོན་ཞིང་ཆེན་གྱི་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་ཚོགས་ཆེན་ཐོག་སྤྱི་བསྡོམས་གསུངས་བཤད་གནང་། ཁོང་གིས་གཏིང་ཟབ་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡོང་བ་དམ་འཛིན་བྱེད་པ།བསམ་བློ་དང་བྱ་སྤྱོད་གཉིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་། མང་ཚོགས་ཀྱི་བདེ་ཐང་དེ་འཕེལ་རྒྱས་ཐབས་ཇུས་ཀྱི་གོ་གནས་གལ་ཆེན་དུ་ངོས་འཛིན་བྱེད་པ། བདེ་ཐང་ལ་སྐུལ་འདེད་གཏོང་བའི་འདུ་ཤེས་དེ་སི་ཁྲོན་བཅོས་བསྒྱུར་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཡོངས་དང་ཁྱབ་ཁོངས་ཡོངས་ཀྱི་ཁྲོད་དུ་བཞག་ནས། དོན་དངོས་ཐོག་བྱེད་ཐབས་ནུས་ལྡན་བླངས་ཏེ། མགྱོགས་མྱུར་དུ་མང་ཚོགས་གི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པའི་འབྲེལ་ཡོད་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་གནད་དོན་ཐག་གཅོད་བྱེད་པ་དང་། མགྱོགས་མྱུར་སྒོར་མཛེས་སྡུག་འཆམ་མཐུན་གྱི་སི་ཁྲོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏང་དགོས་ཞེས་བསྟན། 
        དབྱི་ལི་ཡིས་གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན་དེ་གཙོར་བོར་འཛིན་པ་དང་། བཅོས་བསྒྱུར་གསར་སྐྲུན་བྱེད་པ་དེ་སྒུལ་ཤུགས་སུ་བརྩི་བ། སྔོན་འགོག་བྱ་རྒྱུ་གཙོ་བོར་འཛིན་པ། ཀྲུང་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་གཉིས་ལ་མཐོང་ཆེན་བྱས་ནས་བདེ་ཐང་དེ་སྲིད་ཇུས་ཡོད་ཚད་ཁྲོད་དུ་འཇོག་པ་དང་། མི་དམངས་ཀྱིས་མཉམ་སྐྲུན་དང་མཉམ་སྤྱོད་བྱེད་པའི་འཕྲོད་བསྟེན་དང་བདེ་ཐང་གི་ལས་ཀའི་བྱེད་ཕྱོགས་དེ་རྒྱུན་འཁྱོངས་བྱས་ནས། ཞིང་ཆེན་ཏང་ཨུའི་གཅིག་གྱུར་གྱི་བཀོད་སྒྲིག་ལྟར། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཚོགས་འདུའི་དགོངས་དོན་ཁག་དོན་འཁྱོལ་བྱེད་པ་དང་། ཧུར་ཐག་གིས་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་སྨན་བཅོས་འཕྲོད་བསྟེན་དང་བདེ་ཐང་ལས་ཀ་གཉིས་ལེགས་པོར་བསྒྲུབ་དགོས་པ་སྟེ། གཅིག་ནི་སྔོན་འགོག་གཙོར་བོར་འཛིན་པ་རྒྱུན་འཁྱོངས་བྱས་ནས། བདེ་ཐང་གི་འཚོ་བའི་གོམས་གཤིས་ཁྱབ་བརྡལ་དང་ཁོར་ཡུག་ལེགས་སྒྱུར་ཡོང་བ་གཉིས་གཙོར་འཛིན་དགོས། གཉིས་ནི་བཅོས་བསྒྱུར་གསར་སྐྲུན་བྱེད་པ་རྒྱུན་འཁྱོངས་བྱས་ནས། འཕྲོད་བསྟེན་དང་བདེ་ཐང་གི་ལམ་ལུགས་ནང་རྐྱེན་འཐུས་ཚང་ཡོང་བར་བྱ་དགོས། གསུམ་ནི་ཀྲུང་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་གཉིས་ལ་མཐོང་ཆེན་བྱེད་པ་རྒྱུན་འཁྱོངས་བྱས་ནས། སྤུས་ལེགས་ནུས་ལྡན་གྱི་ཞབས་ཞུ་མཁོ་འདོན་བྱ་དགོས། བཞི་ནི་དབུལ་སེལ་འགག་སྒྲོལ་ལ་ཞབས་ཞུ་བསྒྲུབ་པ་རྒྱུན་འཁྱོངས་བྱས་ནས། འཕྲོད་བསྟེན་ལ་བརྟེན་ནས་དབུལ་སྐྱོར་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་དགོས། ལྔ་ནི་སྣ་མང་མཉམ་འདྲེས་ཡོང་བ་རྒྱུན་འཁྱོངས་བྱས་ནས། ཧུར་ཐག་གིས་བདེ་ཐང་ཐོན་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས་ཞེས་ནན་གྱིས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1