གངས་ལྗོངས་འཕྲིན་བཏུས།

རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།ཁ་བཏགས་དཀར་པོ། སྤེལ་དུས། 03-27


 
昵称:འཛིང་ཨ་ཚངས།

ཚད་ལྡན་བླ་མའི་གདམས་ངག་ལ། །སངས་རྒྱས་སྟོང་གི་བྱིན་རླབས་ཡོད། །དཔོན་པོ་བཟང་པོའི་རྩ་ཁྲིམས་ལ། །འདི་ཕྱི་གཉིས་ཀྱི་བདེ་སྐྱིད་ཡོད། །ཕ་མ་བཟང་པོའི་སྨོན་ལམ་ལ། །འགྱུར་མེད་སེམས་ཀྱི་བདེན་ཚིག་ཡོད། ཚེ་རོགས་བཟང་པོའི་དུང་སེམས་ལ། །ཁྱིམ་ཚང་སྐྱིད་པའི་གཞི་མ་ཡོད། །སློབ་མ་བཟང་པོའི་བརྩོན་འགྲུས་ལ། འོད་སྟོང་འབར་བའི་མདུན་ལམ་ཡོད། །

 
昵称:ཨ་འབུམ་དམ་ཆོས།
ཤིན་ཏུ་བདེན་པའི་གཏམ་ཡིན་ཡང་། །ཡུལ་དང་དུས་ལ་མ་བསྟུན་ན། །གཞན་གྱི་རྣ་བར་མི་འཇེབས་པས། རན་པར་སྨྲ་བ་མཆོག་ཏུ་མཛེས། །ཁོ་བོ་ནམ་ཡང་སེམས་ཐག་བཅད་ཟིན་པ་དང་བདེན་པའི་དོན་ཞིག་ཡིན་ཚེ་ཨུ་ཚུགས་མཇུག་མཐར་སྐྱེལ་བྱེད་མཁན་ཞིག་ཡིན། དེ་ལྟར་བྱས་པས་མཇུག་མཐར་གཞན་ལ་ཕོག་ཐུག་མང་པོ་བཟོས། ལེགས་པར་བཤད་པ་འདིས་ང་ལ་ཕན་ཚོད་ཅིག་ཕན་གི་འདུག
 
昵称:གཟི་མིག་དགུ་པ།
ལར་འབུམ་རམས་པ་ཟེར་བ་ནི་ཧ་ལས་དགོས་པ་ཞིག་གཏན་ནས་མ་རེད་སྙམ། གཅིག་བྱས་ན་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཆེད་ལས་མི་འདྲ་བའི་འབུམ་རམས་པ་ཅི་རིགས་ཡོད་ཆོག་པ་སྟེ། མཐོ་བ་ཚན་རིག་པ་དང་ཆབ་སྲིད་པ་ནས་དམའ་བ་གསང་སྤྱོད་ཕྱག་མཁན་དང་ཞིང་ཁའི་གནོད་འབུ་གསོད་མཁན་སོགས་ཡོད་དོ། །
 

昵称:ཏུག་ཏུག་དཀར་མོ།

བོད་སྐད་ཡིག་གི་གནས་བབས་ལ་གཞིག་ན། བོད་རིགས་སྤུན་ཟླ་ཚོས་ཕ་སྐད་ཀྱི་ཉིན་འདི་ཙམ་མིན་པར། ཉི་མ་རེ་རེ་ནི་ཕ་སྐད་ཉིན་མོ་རུ་བསམ་ནས་ཕ་སྐད་མ་ཡིག་འདིར་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་ཧ་ཅང་གལ་ཆེའོ། །

昵称:ན་རྐྱང་།

ཕར་ལ་འཚེ་བའི་གནོད་སེམས་མེད་ན། །ཚུར་ལ་ཁྱི་རྒན་འཁོན་སེམས་མི་འདུག །སེམས་བཟང་འོ་མའི་རྒྱ་མཚོ་འཆང་ན། །གནམ་འོག་འཚེ་མེད་ཞི་བདེ་ཡོང་ངེས། །

昵称:ལ་གཞས།
མཚན་སྙན་གྲགས་ལ་འུར་ཟིང་ལངས་པའི་ཆ་འཕྲིན་དུས་རབས་འདིའི་ནང་ལ་ད་དུང་ཡ་མཚན་ཅན་གྱི་མིའམ་དད་གུས་འོས་པའི་སྐྱེས་བུ་དམ་པ་ཚོས་ལྷིང་འཇགས་ངང་རིག་གནས་དང་རང་བློ་གཟུ་བོར་གནས་ཏེ་ཤེས་རིག་དང་འཚོ་བར་དགའ་སྤྲོ་མ་ཞུམ་ནས་རིག་གནས་ཀྱི་བང་མཛོད་ལ་བློ་སྤོབས་དང་བརྩོན་འགྲུས་ཀྱིས་ཚོན་ཁྲ་སྤྲས་པ་ནི་ང་ཚོ་གཞོན་པ་ཚོས་སློབ་སྦྱོང་བྱེད་དགོས་ས་དང་འབད་དགོས་ས་རེད་སྙམ།
 
昵称:ཅང་མེད་བུ་ལོ།
གལ་ཏེ་ངས་ཁྱོད་ལ་ནམ་རྒྱུན་ཁ་བརྡ་དང་འཚམ་འདྲི་ཞུ་བཞིན་གདའ་ན། ངས་ཁྱེད་ང་དང་ཆེས་ཐག་ཉེ་བའི་མི་ཞིག་ཏུ་འཛིན་ཡོད་པ་ལས། རང་ལ་དུས་ཚོད་ཧ་ཅང་ཡོད་པས་མ་ཡིན་ནོ། །
 
昵称:རྡོ་རྗེ་ཚེ་རིང་།
རང་ངོས་ནས་རྩོམ་ཡིག་འབྲི་བར་ཚོགས་པ་མི་དགོས། དེ་ནི་ཆེ་བཤད་བྱས་པ་མིན་ལ། ནམ་ཡང་རྩོམ་ཡིག་འབྲི་བ་ནི་མི་སྒེར་གྱི་བྱ་བ་ཞིག་ཏུ་འདོད་དགོས་ལ། དེ་ནི་མི་སྒེར་རང་གིས་གཟབ་ནན་གྱིས་བསྒྲུབ་དགོས་པའི་ཀླད་པའི་ངལ་རྩོལ་ཞིག་རེད། དེ་ནི་ཚུལ་འཆོས་དང་གྲགས་འདོད་སོགས་བློ་མང་སྤང་ལ་མེ་ཤོར་བ་དག་གིས་བསྒྲུབ་རྒྱུ་ཞིག་ཏུ་ཡེ་ནས་འདོད་ཀི་མེད།

昵称:རྨེ་འཇམ།
རྗེས་ལུས་ཡོད་ཚད་ཀྱི་རྩ་བ་ནི་འཆར་གཞི་མེད་པས་རེད། རང་ཉིད་ཀྱི་ལམ་ཁ་གང་ཡིན་མ་ཤེས་པར་མི་ཚེ་རྫོགས་འགྲོ་བ་ནི་ཁ་ཕྱོགས་ནོར་བས་རེད། གྲྭ་པ་དང་སློབ་མ། གྲོང་པ། སྔགས་པ་ཞིག་སུ་ཡིན་ནའང་རང་ལ་རྩ་དོན་ཞིག་ཡོད། འདི་དག་གིས་རང་རང་གི་རྩ་དོན་བོར་སོང་ན། མི་རིགས་ཤིག་བོར་སོང་བ་རེད། རིག་གནས་ཤིག་བོར་སོང་བ་རེད།

昵称:འབར་ཞུན།

ལས་གཞི་ཅི་ཞིག་བརྩམས་རུང་། ཐམས་ཅད་ངོམ་དུ་རེ་བའི་གྲུབ་འབྲས་ཤིག་འཐོན་རྒྱུ་གཙོ་བོ་ཡིན་པ་ལགས། ཐོག་མར་ཁ་ཕོ་ཆེ་ཆེས་རང་ཉིད་བསྒྲགས་རྒྱུ་དེ་གཙོ་བོ་མིན་ནོ། །




རྩོམ་ཡིག་སྔོན་མ།
སྤྱིའི་དེབ་16པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1