གཙོ་ངོས།>> སི་ཁྲོན་བོད་ཁུལ།>>དཀར་མཛེས།

འཇམ་དབྱངས་དཔལ་ལྡན་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༣ཚེས་༢༧ཉིན།

རྫོང་སར་བོད་སྨན་ཁང་གིས་ཞིང་ཆེན་བོད་སྨན་སྨན་སྦྱོར་ལྟེ་གནས་འཛུགས་རྒྱུའི་རེ་ཞུ་བྱས།

        ཉེ་ཆར། དཀར་མཛེས་ཁུལ་གྱི་སྡེ་དགེ་རྫོང་རྫོང་སར་བོད་སྨན་ཁང་གི་སྨན་སྦྱོར་ལྟེ་གནས་ཀྱིས་ཞིང་ཆེན་བོད་སྨན་སྨན་སྦྱོར་ལྟེ་གནས་འཛུགས་པར་རེ་ཞུ་བྱེད་པའི་ཆེད་རམས་པའི་རིགས་པས་ཁུངས་སྐྱེལ་ཚོགས་འདུ་དེ་ཁྲེང་ཏུའུ་རུ་འཚོགས་པ་རེད།
        ཀྲུང་གོའི་བཟོ་སྐྲུན་ཁང་གི་ཡོན་རམས་པ་ལི་ལེན་ཏཱ་དང་བོད་རང་སྐྱོང་ལྗོངས་བོད་སྨན་ཁང་གི་སྔོན་གྱི་ཡོན་ཀྲང་དང་ཀྲུང་དབྱི་སློབ་དཔོན་ཆེན་པོ་དགྲ་འདུལ། ཀྲུང་གོའི་གསོ་རིག་ཚན་རིག་སློབ་གླིང་གི་དབུ་བཞུགས་ཆེད་རམས་པ་ཡེ་ཙུའུ་ཀོང་བཅས་དང་། ཞིན་ཅང་དང་། མཚོ་སྔོན། ཀན་སུའུ་སོགས་མི་རིགས་ཀྱི་གསོ་རིག་ཆེད་རམས་པ་དང་རང་ཁུལ་གྱི་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་། རང་ཁུལ་བོད་སྨན་གཙོ་སྐྱོང་སྡེ་ཁག་དང་སྡེ་དགེ་རྫོང་གི་འབྲེལ་ཡོད་འགོ་ཁྲིད་བཅས་ཚོགས་འདུར་ཞུགས་པ་རེད།
        སྡེ་དགེ་རྫོང་རྫོང་སར་བོད་སྨད་ཁང་ནི1981ལོར་བཙུགས་པ་དང་སྡེ་དགེ་རྫོང་ཕུ་མ་ཤང་མཉམ་ལས་སྨན་བཅོས་ས་ཚུགས་ཀྱི་རྨང་གཞིའི་ཐོག་འཕེལ་རྒྱས་བྱུང་བ་རེད། རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་དང་ཟུར་ལུགས་བོད་སྨན་གྱི་འབྱུང་གནས་ཡིན་པར་མ་ཟད་སི་ཁྲོན་ཞིང་ཆེན་གྱི་ཆེས་ཐོག་མའིGMPསྟེ་སྨན་རྫས་ཐོན་སྐྱེད་སྤུས་ཚད་དོ་དམ་ཚད་གཞིའི་ཚད་ལྡན་དཔང་ཡིག་ལོན་པའི་ལས་ཁུངས་ཡིན། ད་ལྟ་ལས་སྣོན་ཁང་གིས་བོད་སྨན་ལས་སྣོན་བྱས་ཚད་ཏུན120ལ་སླེབས་ཤིང་། མིག་སྔར་རང་ཁུལ་གྱི་བོད་སྨན་ལས་སྣོན་བསྡོམས་འབོར་གྱི་བརྒྱ་ཆ70ལ་ཟིན་པ་དང་། ལོ་འཁོར་དུ་སྒོར་ཁྲི1500ཕྱིར་འཚོང་བྱས་ཡོད། མིག་སྔར་ཐོན་སྐྱེ་བྱེད་ཐུབ་པའི་རྒྱུན་སྤྱོད་བོད་སྨན་རིགས215ཡོད་པ་རེད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1