བོད་ཀྱི་མཐོ་སློབ་དཀྱུས་མའི་རྒྱུགས་སྤྲོད་དེ་དྲ་ཐོག་ནས་རྒྱང་བསྡུ་བྱེད་འགོ་འཛུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-14


2014ལོའི་ཟླ་7ཚེས་9ཉིན་གྱི་ཕྱི་དྲོ་བོད་རང་སྐྱོང་ལྗོངས་ཀྱི་སློབ་གསོ་རྒྱུགས་སྤྲོད་ཁང་ནས་ཤེས་རྟོགས་བྱུང་གསལ།      བོད་རང་སྐྱོང་ལྗོངས་ཀྱི་2014ལོའི་མཐོ་སློབ་དཀྱུས་མའི་རྒྱུགས་སྤྲོད་ཀྱི་དྲ་ཐོག་ནས་རྒྱང་བསྡུའི་ལས་དོན་དེ་ཟླ་7ཚེས་7ཉིན་དངོས་སུ་སྤེལ་འགོ་བཙུགས་ཏེ་ཚོད་རྩིས་བྱས་ན་ཟླ་8པའི་ཟླ་དཀྱིལ་དང་ཟླ་མཇུག་ཏུ་ཡོངས་རྫོགས་མཇུག་འགྲིལ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།   འདི་ལོའི་དྲ་ཐོག་གི་རྒྱང་བསྡུའི་ལས་དོན་དེ་སྔ་སྣུར་དུ་ལོགས་སུ་བསྡུ་བའི་ཁག་ཐེངས་ཀྱི་ཞིབ་ཕྲའི་དུས་ཚོད་ནི་ཟླ་7ཚེས་7ནས་ཚེས་20ཉིན་བར་ཡིན་པ་དང་།  ཁག་དང་པོའི་དངོས་གཞིའི་ཚན་ཁག་གི་ཞིབ་ཕྲའི་བསྡུ་ལེན་དུས་ཚོད་ནི་ཟླ་7ཚེས་21ནས་27ཉིན་བར་ཡིན་པ། ཁག་གཉིས་པའི་དངོས་གཞིའི་ཚན་ཁག་གི་ཞིབ་ཕྲའི་བསྡུ་ལེན་དུས་ཚོད་ནི་ཟླ་7ཚེས་27ནས་ཟླ་8ཚེས་6ཉིན་བར་ཡིན་པ།  ཁག་གསུམ་པའི་ཆེད་ལས་ཚན་ཁག་གི(མཐོ་རིམ་ལས་རིགས་སློབ་གྲྭ)ཞིབ་ཕྲའི་བསྡུ་ལེན་དུས་ཚོད་ནི་ཟླ་8ཚེས་6ནས་ཚེས་18ཉིན་བར་བཅས་སུ་དབྱེ་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1