ལི་ཐང་རྫོང་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཅུས་ཀྱིས་རིན་མེད་སྒོས་མང་ཚོགས་ལ་སྨན་བཅོས་བྱས།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 03-28


        

        ཉེ་ཆར། ལི་ཐང་རྫོང་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཅུས་ཀྱི་ལས་བྱེད་མི་སྣ་མཆོད་རྟེན་ཡུལ་ཤོག་ཏུ་ཕེབས་ཏེ་རིན་མེད་སྒོས་འབྲོག་མང་ཚོགས་རྣམས་ལ་སྨན་བཅོས་བྱས་པར་མ་ཟད། ལུས་པོ་བདེ་ཐང་དང་འབྲེལ་བའི་ཤེས་བྱ་ཁྱབ་བསྒྲགས་བྱས།

        མཐོ་སྒང་ས་ཁུལ་གྱི་མང་ཚོགས་རྣམས་ཀྱི་སྨན་བཅོས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་དང་རྒྱལ་ཆེ་བའི་འབྲོག་པ་མང་ཚོགས་ཀྱི་རང་ཉིད་ཀྱི་ལུས་ཁམས་བདེ་ཐང་ལ་འགན་སྲུང་བྱེད་པའི་འདུ་ཤེས་མཐོར་འདེགས་གཏང་སླད་དང་།  སྨན་བཅོས་འཕྲོད་བསྟེན་ཤེས་བྱ་ཁྱབ་བརྡལ་དང་བདེ་ཐང་གི་འཚོ་བའི་རོལ་ཐབས་ལ་སྐུལ་འབོད་བྱ་ཆེད།  ཉེ་ཆར། ལི་ཐང་རྫོང་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཅུས་ཀྱིས་རྫོང་རིམ་པའི་སྨན་བཅོས་ལས་ཁུངས་4དང་གྲོང་རྡལ་རིམ་པའི་འཕྲོད་བསྟེན་ཁང་6གིས་གྲུབ་པའི་སྨན་བཅོས་རུ་ཁག་གི་སྣེ་ཁྲིད་དེ་མཆོད་རྟེན་ཡུལ་ཤོག་ཕྱིན་ཏེ་རིན་མེད་སྒོས་སྨན་བཅོས་བྱེད་པའི་བྱེད་སྒོ་སྤེལ།
        ཐེངས་འདིའི་སྨན་བཅོས་ཁྲོད་སྨན་བཅོས་མི་སྣ་དང་འབྲེལ་ཡོད་མི་སྣ་33གྱིས་ནད་པ་2089ལ་སྨན་བཅོས་དང་2089ལ་བདེ་ཐང་ཞིབ་བཤེར་བྱས། དེ་མིན་མི་གྲངས་276ལ་ལིང་ཏོག་གི་ནད་གཞིའི་ཞིབ་བཤེར་བྱས་དང་མི་གྲངས་289ལ་ཐུམ་འབུའི་ནད་གཞིའི་ཞིབ་བཤེར་བྱས་པ་ལས་ཐུམ་འབུའི་ནད་པ་4ཤེས་རྟོགས་བྱུང་། མི་གྲངས་2089ཡིས་བདེ་ཐང་སྐོར་གྱི་སློབ་གསོ་མྱོང་བ་དང་ཁྱོན་བསྡོམས་རིན་གོང་སྒོར་6839.00ཡི་སྨན་རྫས་དང་ཁྱབ་བསྒྲགས་ཡིག་ཆ་4896འགྲེམ་སྤེལ་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1