བལ་བོར་རྟ་རྒྱུག་འགྲན་བསྡུར་གྱི་བྱེད་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-29


        སྤྱི་ཟླ་3པའི་ཚེས་27ཉིན། བལ་བོའི་ས་གནས་སོ་སོར་རྟ་རྒྱུག་འགྲན་བསྡུར་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ། ས་གནས་དེ་གའི་བཤད་རྒྱུན་ལྟར་ན། བལ་བོའི་ས་འོག་ཏུ་སྔོན་ཆད་བདུད་ཅིག་གནས་ཤིང་མང་ཚོགས་རྣམས་བདུད་རྒན་དེ་ལ་ཤིན་ཏུ་སྐྲག་པ་རེད། ཁོ་ཚོས་རྟ་ཁྱུའི་འཚེར་སྐད་ཀྱིས་བདུད་རྒན་ཟིལ་གྱིས་གནོན་པར་ཡིད་ཆེས་བྱེད། གལ་སྲིད་ཉིན་དེར་རྟ་ཕོའི་བང་ཁ་རླུང་ལྟར་མགྱོགས་ཚེ་བལ་བོའི་མི་རྣམས་ཀྱི་བྱ་བ་ལམ་འགྲོ་དང་ནད་མེད་ཚེ་རིང་ཡོང་བའི་རྟེན་འབྲེལ་དུ་མཚོན་པ་བཞེད།། 

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1