རྫ་ཆུ་ཁའི་གྱོན་ཆས་པེ་ཅིང་རྒྱལ་སྤྱིའི་གཟབ་སྤྲོས་གཟའ་འཁོར་དུ་ཚུད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-30


        ཉེ་ཆར། འཛམ་གླིང་གི་གྱོན་གོས་ཚོགས་འདུ་སྟེ་ཀྲུང་གོའི་རྒྱལ་སྤྱིའི་གཟབ་སྤྲོས་གཟའ་འཁོར་ཞེས་པ་པེ་ཅིང་ནས་སྤེལ་འགོ་ཚུགས་ཤིང་། སྤྱི་ཟླ་3པའི་ཚེས་30ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་གི་རྫ་ཆུ་ཁའི་འབྲོག་མིའི་གྱོན་ཆས་རིག་གནས་བརྗོད་གཞི་གཙོ་བོར་བྱས་པའི་བྱེད་སྒོ་རབ་དང་རིམ་པ་ཐེངས་འདིའི་རྒྱལ་སྤྱིའི་གྱོན་ཆས་གཟའ་འཁོར་སྟེང་འགྲེམ་སྟོན་བྱ་རྒྱུ་རེད། 
        ད་ལོའི་གཟབ་སྤྲོས་གཟའ་འཁོར་སྟེང་གོམ་གང་མདུན་སྤོས་སྒོས་སེར་ཤུལ་རྫོང་གི་ཕུལ་བྱུང་སྲོལ་རྒྱུན་མི་རིགས་རིག་གནས་ཀྱི་ནང་སྙིང་སྟེ་མི་རིགས་ལག་ཤེས་བཟོ་ལས་ཁྱབ་གདལ་དུ་གཏང་སླད་དང་། རྫོང་མི་དམངས་སྲིད་གཞུང་གིས་རིག་གནས་ནང་དོན་སྣ་མང་དང་རིག་གནས་ཐོན་ལས་རིམ་འཕར་དུ་གཏང་ཆེད་རྫོང་ཡོངས་ཀྱི་རིག་གནས་ཐོན་ལས་ཀྱི་འཕེལ་རྒྱས་ལ་རོགས་འདེགས་བྱེད་པའི་དམིགས་ཡུལ་གཙོ་བོར་བཟུང་ནས་ཕྱིར་བུད་དང་ནང་འདྲེན་གྱི་འཕེལ་རྒྱས་འཐབ་ཇུས་ལྟར་དུས་རབས་ཀྱི་འགྲོས་དང་མཐུན་པའི་བོད་མི་རིགས་ཀྱི་རིག་གནས་སྲོལ་རྒྱུན་ཏེ་སེར་ཤུལ་འབྲོག་པའི་གྱོན་གོས་རིག་གནས་དེ་ཁྱད་ཆོས་ལྡན་པའི་ཐོན་རྫས་སུ་ངོས་འཛིན་བྱས་ནས་པེ་ཅིང་རྒྱལ་སྤྱིའི་གཟབ་སྤྲོས་སྟེང་ས་གནས་རང་གི་ཁྱད་ཆོས་ཀྱིས་ཕྱུག་པའི་འབྲོག་པའི་གྱོན་གོས་རིག་གནས་བརྗོད་དོན་གཙོ་བོ་ཡིན་པའི་གྱོན་གོས་གཟབ་སྤྲོས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་དང་། འདི་ནི་སེར་ཤུལ་རྫོང་གིས་ཐེངས་དང་པོར་གྱོན་གོས་རིག་གནས་ཀྱི་ཐོན་རྫས་རྒྱལ་སྤྱིའི་གར་སྟེགས་སུ་རྒྱ་སྐྱེད་པ་ཡིན་པར་མ་ཟད། བོད་ཀྱི་གྱོན་གོས་ཚོང་རྟགས་ཐོག་དང་པོར་རྒྱལ་སྤྱིའི་གཟབ་སྤྲོས་གཟའ་འཁོར་དུ་ཚུད་པའང་ཡིན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1