རོང་བྲག་རྫོང་མི་དམངས་ཁྲིམས་ཁང་གིས་བྱེད་ཐབས་གསར་གཏོད་བྱས་ཏེ་ཞིང་ལས་ཡོང་འབབ་འཕར་བར་རོགས་འདེགས་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-31


        དབུལ་སེལ་འགག་སྒྲོལ་གྱི་ལས་ཀ་སྤེལ་བ་ནས་བཟུང་། རོང་བྲག་རྫོང་ཁྲིམས་ཁང་གིས་ཚད་མཐོན་པོས་མཐོང་ཆེན་བྱས་ཏེ་དབུལ་སེལ་འགག་སྒྲོལ་དེ་ཆབ་སྲིད་ཀྱི་འོས་འགན་གལ་ཆེན་ཞིག་ཏུ་རྩིས་ཤིང་གྲོས་རིམ་གལ་ཆེན་གྱི་གྲས་སུ་བཞག དེ་མིན་འགན་འཁྲི་ཞིབ་གསལ་དང་འོས་འགན་ལག་བསྟར། བྱེད་ཐབས་ལ་ཤུགས་སྣོན་བྱེད་པ། ནན་ཏན་གྱིས་རྩ་འཛུགས་ལག་བསྟར། དབུལ་སྐྱོར་བྱེད་ཐབས་གསར་གཏོད་བཅས་བྱས་ནས་དབུལ་ཕོངས་མང་ཚོགས་ལ་རོགས་འདེགས་བྱས་ནས་ལས་ཞུགས་ཀྱི་ཐབས་ལམ་བཙལ་བ་རེད།
        དབུལ་ཕོངས་སྡེ་བའི་ས་བབ་དང་ཆུའི་ཐོན་ཁུངས་མེད་པས་འདེབས་འཛུགས་ལས་རིགས་མི་འཚམ་པའི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་རྫོང་ཁྲིམས་ཁང་གིས་ཐབས་ལམ་བཙལ་པ་རེད། སྔ་རྗེས་སུ་བྱ་ཕྲུག་70དང་ལྕགས་ར་སྨི་150ཉོས་ཏེ་འགོ་མ་སྡེ་བར་བྱ་ཕྲུག་གཙོ་སྐྱོང་བྱས་ནས་སྡེ་མི་ཡོངས་འབྱོར་ཕྱུག་གི་ལམ་དུ་ཁྲིད་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1