སྡེ་རོང་རྫོང་མི་དམངས་ཁྲིམས་ཁང་གིས་དྲོ་སྐྱིད་སྐྱེལ་བ་ཞེས་པའི་བྱེད་སྒོ་སྤེལ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 03-31


        ཉེ་ཆར། སྡེ་རོང་རྫོང་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཁོངས་མི་དང་ཡོན་ཀྲང་གཞོན་པ། སྒྲིག་བཤེར་ཚན་ཆུང་གི་མགོ་གཙོ་བཅས་ལས་ཁུངས་ལས་དོན་ཚན་ཆུང་གཙོ་སྒྲིག་བྱས་ནས་གསལ་གྲགས་ཡུལ་ཤོག་ཏུ་གནད་སྨིན་དབུལ་སྐྱོར་གྱི་དྲོ་སྐྱིད་སྐྱེལ་བ་ཞེས་པའི་བྱེད་སྒོ་སྤེལ།
         གསལ་གྲངས་ཡུལ་ཤོག་ནི་མཚོ་འཕགས་སྨི་3000ཡི་མཚམས་སུ་གནས་ཤིང་། རྫོང་ཡོང་ཀྱི་ས་ཆེས་མཐོ་སའི་གྲས་སུ་ཚུད་ཡོད། དེ་བས་རྫོང་དེ་གའི་མི་དམངས་ཁྲིམས་ཁང་གིས་གསལ་གྲགས་ཡུལ་ཤོག་གི་ཡུལ་མི་རྣམས་ལ་དྲོ་སྐྱིད་སྐྱེལ་པའི་བྱེད་སྒོ་སྤེལ། ཁྲིམས་ཁང་གི་འགན་འཛིན་པས་མིག་སྔར་གསལ་གྲངས་ཡུལ་ཤོག་གི་ཡུལ་མི་རྣམས་ཀྱི་དམིགས་ཡུལ་གཙོ་བོ་ནི་དབུལ་སེལ་འགག་སྒྲོལ་ཡིན་ལ། ཡུལ་ཤོག་དེའི་གྲོང་མི་ཡོངས་རྫོགས་སྡེ་དཔོན་གྱིས་སྣེ་ཁྲིད་འོག་དཀའ་ངལ་ལས་ཐར་ཐུབ་པའི་རེ་བ་ཡོད། སློབ་གསོ་ནི་ཕྱུག་འགྱུར་གྱི་ཐབས་ཤེས་གཙོ་བོ་དེ་ཡིན་ལ། གསལ་གྲགས་ཡུལ་ཤོག་མ་འོག་པའི་འཕེལ་ཕྱོགས་གཙོ་བོ་ཕྲུ་གུ་རྣམས་ལ་རག་ལས་པས། གྲོང་མི་ཡོངས་ཀྱི་སློབ་གསོར་མཐོང་ཆེན་བྱེད་པའི་རེ་བ་ཡོད་ཞེས་གསུངས།
ཐེངས་འདིའི་དྲོ་སྐྱིད་སྐྱེལ་བ་ཞེས་པའི་བྱེད་སྒོ་དེ་ཡུལ་མི་ཡོངས་ཀྱི་གདེང་འཇོག་མཐོན་པོ་ཐོབ་ཡོད་ལ། ཁྲིམས་ཁང་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་བ་ཡང་ཐག་ཇེ་ཉེར་གྱུར་བ་དང་། ཁྲིམས་ཁང་གིས་གསལ་གྲངས་ཡུལ་ཤོག་གི་དབུལ་སེལ་ལས་དོན་ལ་རང་ཉིད་ཀྱི་ནུས་ཤུགས་ཙམ་བཏོན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1