མཚོ་སྐོར་འགྲན་བསྡུར་དེ་ཀྲུང་གོའི་རེབ་གོང་དུ་བསླེབས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-14


ཟླ་7ཚེས་11ཉིན།མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་དེ་ཁྲི་ཀ་ནས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རེབ་གོང་འགྲན་བསྡུར་དུམ་བུའི་བར་གྱི་འགྲན་བསྡུར་ནང་བསླེབས་པ་དང་རི་པིན་གྱི་ཝེ་ཉི་ཕན་ཏི་ཉི་རུ་ཁག་གི་ཀེ་ལུའི་ཀེ་དང་ཏེ་ནའེ་ཀེ་ལ་ཨང་དང་པོ་དང་གཉིས་པ་སོ་སོར་ཐོབ་པ་རེད།

             མི་སྒེར་གྱི་སྤྱིའི་གྲུབ་འབྲས་ཨང་དང་པོ་དེ་ཧ་སག་སི་ཐན་ཨ་སི་ཐ་ན་རུ་ཁག་གི་ཏ་ཝེ་ ཏེ་ནུའོ་ཁེས་སྔར་བཞིན་རྒྱུན་འཁྱོངས་བྱས་པ་དང་ཁོང་ལའང་མཐའ་མའི་གདོང་མཆོང་གི་སྐར་གྲངས་ཨང་དང་པོའི་མཚོན་རྟགས་འོག་འཇུག་ལྗང་ཁུ་དང་ཨེ་ཤེ་ཡའི་ཡག་ཤོས་ཀྱི་མཚོན་རྟགས་འོག་འཇུག་སྔོན་པོ་ཐོབ་པ་རེད།

           འགྲན་བསྡུར་གྱི་མཐའ་མའི་དུས་མཚམས་སུ་ཚོགས་པ་ཆེན་པོས་སྔོན་ལ་བསླེབས་པའི་ བདམས་ཐོན་པའི་མཇུག་ཟིན་པ་དང་འགྲན་བསྡུར་གྱི་མཐའ་མའི་སྤྱི་ལེ་5ཡི་ནང་འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད་མཐར་ཀེ་ལུའི་ཀེར་ལ་ཆུ་ཚོད་5དང་སྐར་མ་52དང་སྐར་ཆ་29ཡི་ཐོག་ནས་ཨང་དང་པོ་ཐོབ་པ་རེད།

འགྲན་བསྡུར་དུམ་བུ་དྲུག་པའི་མཐའ་སྣེ་ཡིན་པའི་རེབ་གོང་རྫོང་ནི་ཀྲུང་གོའི་རེབ་གོང་སྒྱུ་རྩལ་གྱི་ཕ་ཡུལ་ཡིན་པ་དང་བོད་བརྒྱུད་ནང་བསྟན་དགོན་སྡེ་རོང་བོ་དགོན་ཆེན་དང་གདོད་མའི་རྣམ་པའི་བོད་རིགས་ཀྱི་གླུ་གར་འཁྲབ་སྟོན་དང་དེ་བཞིན་ལུས་ལ་བོད་རིགས་ཀྱི་སྲོལ་རྒྱུན་རྒྱན་གོས་སྤྲས་པ་དང་ལག་ཏུ་ཁ་བཏགས་འཁྱེར་བའི་ལྟད་མོ་བས་འགྲན་བསྡུར་དུམ་བུ་དེ་བོད་རིགས་ཀྱི་གོམས་འདྲིས་ཀྱིས་ཕྱུག་པར་བྱས་ཡོད།

སྐབས་འདིའི་འགྲན་བསྡུར་གྱི་དུས་ཡུན་ཉིན་14ཡིན་པ་དང་ཁྱོན་འགྲན་བསྡུར་དུམ་བུ་13དང་འགྲན་བསྡུར་ལམ་ཐག་སྤྱི་ལེ་3591ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1