ལི་ཐང་རྫོང་གིས་ཐུམ་འབུའི་ནད་ཀྱི་སྔོན་འགོག་ཤེས་བྱའི་ཆེད་དོན་འཆད་ཁྲིད་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-01


        ཉེ་ལམ། ལི་ཐང་རྫོང་གིས་གཟའ་འཁོར་གཅིག་གི་ནང་དུ་ཐུམ་འབུའི་ནད་ཀྱི་སྔོན་འགོག་ཤེས་བྱའི་ཆེད་དོན་འཆད་ཁྲིད་སྤེལ། རྫོང་རིམ་པའི་སྡེ་ཁག་དང་ཡུལ་ཤོག་གི་ལས་བྱེད་མི་སྣ་རྣམས་འཆད་ཁྲིད་ལ་ཞུགས་པ་རེད། 
        རྫོང་ནད་ཡམས་སྔོན་འགོག་ལྟེ་གནས་ཀྱི་ལས་བྱེད་པ་ཚའེ་ཧྥུའུ་ཅན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། སྤྱི་ལོ་2006ལོར་ཐུམ་འབུའི་ནད་སྔོན་འགོག་གི་ལས་གཞིའི་ལས་ཀ་འགོ་ཚུགས་པ་ནས་བཟུང་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཤིང་། དེ་མིན་མིག་སྔར་ཐུམ་འབུའི་ནད་སྔོན་འགོག་གི་ལས་ཀར་འཕྲད་པའི་དཀའ་ངལ་དང་ཐུམ་འབུའི་ནད་ཀྱི་སྔོན་འགོག་གི་རྨང་གཞིའི་ཤེས་བྱའི་ཐད་ནས་གོ་སླ་ཞིང་དོན་ཟབ་པའི་འཆད་ཁྲིད་སྤེལ་བ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1