དཀར་མཛེས་ཁུལ་གྱིས་ཆོས་ལུགས་ལས་དོན་དང་འཆམ་མཐུན་དགོན་པར་མིང་བཏགས་སྒོ་བྱང་སྤྲོད་པའི་ཚོགས་འདུ་འཚོགས།

ཚེ་འཛིན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-01


        སྤྱི་ཟླ་3པའི་ཚེས་28ཉིན། དཀར་མཛེས་ཁུལ་ཡོངས་ཀྱི་ཆོས་ལུགས་ལས་དོན་དང་འཆམ་མཐུན་དགོན་པར་མིང་བཏགས་སྒོ་བྱང་སྤྱོད་པའི་ཚོགས་འདུ་དར་མདོ་རུ་འཚོགས། ཚོགས་འདུའི་ཐོག་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱས་པ་དང་རྣམ་པ་གསར་པའི་འོག་གི་ཆོས་ལུགས་ལས་དོན་ལེགས་གྲུབ་ཡོང་དགོས་པའི་དོན་སྙིང་ངོས་འཛིན་ཡག་པོ་བྱས་པ་སྟེ།   ཉམས་མྱོངས་ཕྱོགས་བསྡོམས་དང་སྐྱོན་ཆ་འཚོལ་ཞིབ། ལས་ཀ་བཀོད་སྒྲིག་བཅས་བྱས་པར་མ་ཟད། ཁུལ་ཡོངས་ཀྱི་ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་བྱས་པའི་ཆུ་ཚད་མཐོར་འདེགས་སུ་བཏང་ནས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་བར་སྣེ་ཁྲིད་བྱས། ཚོགས་འདུའི་ཐོག་2016ལོའི་ཚད་གཞིར་ཐོན་པའི་ཤེས་ཡོན་དང་འཆམ་མཐུན་དགོན་པ་དག་ལ་མིང་བཏགས་སྒོ་བྱང་སྤྲོད། 
        ལུའུ་ཁྲན་མིང་གིས་དཀར་མཛེས་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་མཚན་སྙན་ཐོབ་པའི་དགོན་པ་དག་ལ་རྟེན་འབྲེལ་ཞུས་པར་མ་ཟད་ཁོང་རྣམ་པར་མཚན་སྙན་འདི་ལ་གཅེས་སྤྲས་བྱས་ནས་མུ་མཐུད་དུ་འབད་བརྩོན་དང་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱ་དགོས་པར་མ་ཟད། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་བར་དགེ་མཚན་ལྡན་པའི་སྐུལ་འདེད་གཏང་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1