དཀར་མཛེས་ཁུལ་མི་དམངས་སྨན་ཁང་གི་ཆེད་མཁས་སྨན་པའི་ཚན་ཆུང་རོང་བྲག་རྫོང་དུ་ཕྱིན་ཏེ་ལིང་ཏོག་གི་ནད་ལ་ཞིབ་བཤེར་དང་རིན་མེད་གཤགས་བཅོས་བྱས།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 04-06



        ཉེ་ཆར།  དཀར་མཛེས་ཁུལ་མི་དམངས་སྨན་ཁང་གིས་མིག་བཅོས་ཚན་ཁག་དང་རུས་ནད་ཚན་ཁག   ཁ་ནད་ཚན་ཁག་སོགས་སྨན་པ་16གིས་གྲུབ་པའི་ཆེད་མཁས་ཚན་ཆུང་རོང་བྲག་རྫོང་གི་ཡོད་ཟ་དང་ཕྱོགས་ཟུར། སྟོང་དགུ་དང་བྲག་སྟེང་། དེ་མིན་མདའ་མདོ་དང་བལ་རི། བྲག་སྒོ་སོགས་སུ་ཕེབས་ཏེ་རིན་མེད་སྒོས་ལིང་ཏོག་ནད་དང་རྐེད་པའི་ནད་དང་། ཁ་ནད་སོགས་ལ་ཞིབ་བཤེར་བྱས་པ་དང་བདེ་ཐང་སློབ་གསོའི་བློ་འདྲི་དང་ལིང་ཏོག་ནད་སོགས་ལ་རིན་མེད་སྒོས་གཤགས་བཅོས་བྱསཔའི་ལས་དོན་སྤེལ།

ཐེངས་འདིར་སྨན་བཅོས་ཚན་ཆུང་གིས་རིན་མེད་སྒོས་མི་ཐེངས་4216བདེ་ཐང་ཞིབ་བཤེར་བྱས་པ་དང་དཀར་མཛེས་ཁུལ་མི་དམངས་སྨན་ཁང་གི་ཁམས་པའི་མིག་བཅོས་ཚན་ཁག་ལྟེ་གནས་ཀྱིས་རོང་བྲག་རྫོང་མི་དམངས་སྨན་ཁང་ཏུ་ལིང་ཏོག་ནད་ཕོག་པའི་ནད་པ་95ལ་གཤགས་བཅོས་བྱས། །         



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1