གཙོ་ངོས།>> སི་ཁྲོན་བོད་ཁུལ།>>དཀར་མཛེས།

དབྱངས་ཅན་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༤ཚེས་༡༠ཉིན།

ད་ལོར་དཀར་མཛེས་རྫོང་གིས་ཁྱོན་ཡོངས་ནས་གྲོང་ཡུལ་རིམ་སྤོར་བྱས།

        ཉེ་ཆར།  སྨྱུག་འཛིན་པས་དཀར་མཛེས་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ནས་ཤེས་རྟོགས་བྱུང་དོན།  དཀར་མཛེས་རྫོང་གིས་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏང་རྒྱུའི་ཁྲིད་སྟོན་བྱེད་ཅིང་། འཆར་འགོད་དང་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་དཀར་མཛེས་ཁུལ་བྱང་རྒྱུད་ཀྱི་ཡུལ་སྐོར་བསྡུ་འགྲེམ་ལྟེ་གནས་བསྐྲུན་གང་ཐུབ་བྱེད་པ་དང་། 2017ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བྱེད་ནུས་ཇེ་དྲག་ཏུ་གཏང་རྒྱུའི་གཏན་འཁེལ་བྱས་ཏེ་ལོ་གཅིག་གི་རིང་ལ་གྲོང་ཡུལ་རིམ་སྤོར་བྱ་རྒྱུའི་གཙོ་གནད་ཁྱབ་ཁོངས་དང་གནད་འགག་ཆེ་སར་གྲུབ་འབྲས་གསར་པ་ཐོབ་དགོས་པ་རེད།
        མཛེས་སྡུག་ཡིད་དབང་འཕྲོག་པའི་རྫོང་གི་གྲོང་ཁུལ་བསྐྲུན་རྒྱུ་དང་།  ཡུལ་སྲོལ་གོམས་འདྲིས་གསར་གཏོད་བྱ་རྒྱུ། མཛེས་སྡུག་གི་གྲོང་སྡེ་གསར་སྐྲུན་བྱ་རྒྱུ།  ནས་ཀྱི་མཛེས་ལྗོངས་ཁྱམས་རིང་གསར་སྐྲུན་བྱ་རྒྱུ། གྲོང་ཡུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུ་བཅས་ཀྱི་ལས་ཀ་ཟབ་སྤེལ་བཏང་ནས། ཁྱོན་ཡོངས་ནས་རྙོག་འཛིང་ཆེ་བ་དགུ་དང་ཁང་པ་དང་རླངས་འཁོར། ཕྱགས་ལུད། ཚོང་ཟོག་བཙོང་ས། གད་སྙིགས་བཟོ་བ། རྟགས་བྱང་། གློག་ཀ། དར་ཆ། ཤིང་སྡོང་བཅས་དགུ་དང་གློག་འདྲེན་འཕྲིན་གཏོང་སྐུད་པ་བཅས་ཀྱི་ལས་ཀར་བདག་སྐྱོང་བྱེད་ཤུགས་ཆེ་རུ་གཏང་རྒྱུ་དང་། སྒོ་ཁའི་ལྔར་འགན་གཙང་ལེན་བྱ་དགོས་པའི་འགན་འཁྲི་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ། ཞིང་ལས་ཉོ་ཚོང་ཚོང་ར་དང་། རྫོང་གི་གྲོང་ཁུལ་གྱི་གྲོང་སྡེ། གྲོང་ཡུལ་གྱི་འབྲེལ་འདྲིས་སྡེ་ཁག   ཤང་དང་གྲོང་རྡལ། གྲོང་སྡེ་བཅས་ཀྱི་ས་ཁོངས་གཙོ་བོའི་བཙོག་ཞན་ངན་སོགས་ཀྱི་གནད་དོན་ལ་དག་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས། མང་ཚོགས་ལ་སྤྱོད་ཚུལ་བཟང་པོ་དང་གོམས་བཤིས་བཟང་པོ་ཆགས་པར་ཁྲིད་སྟོན་བྱེད་གང་ཐུབ་བྱ་རྒྱུ་རེད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1