དར་མདོའི་སྤྱན་ཞེས་པའི་རྒྱལ་ཡོངས་པར་ལེན་འགྲན་བསྡུར་ཁྲེན་ཏུའུ་ནས་འགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-10


        དར་མདོའི་སྤྱན་ཞེས་པའི་རྒྱལ་ཡོངས་པར་ལེན་འགྲན་བསྡུར་ཆེན་མོ་འགོ་ཚུགས་པའི་མཛད་སྒོ་ཁྲེན་ཏུའུ་ནས་སྤེལ་ཞིང་། དར་མདོ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་དང་སྐུ་མགྲོན་དག་འགོ་ཚུགས་པའི་མཛད་སྒོར་ཞུགས། ཐེངས་འདིའི་པར་ལེན་འགྲེམ་སྟོན་ནི་དར་མདོ་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་། ཀྲུང་གོའི་པར་ལེན་ཚགས་པར་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། དར་མདོ་གྲོང་ཁྱེར་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་། རིག་གནས་ཡུལ་སྐོར་དང་རྒྱང་སྒྲོག་བརྙན་འཕྲིན་ཅུས། ཀྲུང་གོའི་འགུལ་འཕྲིན་གྱི་དཀར་མཛེས་ཡན་ལག་ཀུང་སི་བཅས་ཀྱིས་འགན་སྒྲུབ་གནང་། སྤྱི་ཟླ་4པའི་ཚེས་15ཉིན་ནས་བཟུང་རྒྱལ་ཡོངས་ལ་ཁ་གཏད་དེ་2017ལོར་དར་མདོ་གྲོང་ཁྱེར་དུ་པར་དུ་བླངས་པའི་ཡུལ་ལྗོངས་དང་མི་ཆོས་རིག་གནས་ཀྱི་འདྲ་པར་བརྩམས་ཆོས་བསྡུ་རྒྱུ་རེད། 
        དར་མདོའི་སྤྱན་ཞེས་པའི་རྒྱལ་ཡོངས་པར་ལེན་འགྲན་བསྡུར་འགོ་ཚུགས་པ་ལས་དར་མདོ་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གིས་གཏིང་ཟབ་པའི་སྒོ་ནས་ས་གནས་ཀྱི་ཡུལ་སྐོར་ཐོན་ཁོངས་སྔོག་འདོན་བྱས་ཏེ་རིག་གནས་ཀྱིས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཐབས་ལམ་གསར་པ་དེ་མཚོན་ཞིང་། འདི་ལྟ་བུའི་ཟབ་ཞུགས་ཀྱི་ཚད་མཐོ་ཞིང་མཉམ་འགུལ་གྱི་ཤུགས་དྲག་པ། ཁྱབ་བརྡལ་གྱི་ནུས་ཕྱོད་མཐོ་བ། སྤྱི་ཚོགས་ཀྱི་ཕན་འབྲས་ལེགས་པའི་རིག་གནས་བྱེད་སྒོ་སྤེལ་བ་བརྒྱུད་དར་མདོའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་བཏོད་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1