བོད་སྤོས་ལག་རྩལ་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུར་ཞུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ནོར་ནོར་བརྙན་འཕྲིན། སྤེལ་དུས། 04-10


        དབང་གྲགས་ཀྱི་བོད་སྤོས་ལས་སྣོན་ཁང་།
        ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རོང་སྨད་གྲོང་རྡལ་ཐ་གླིང་གྲོང་ཚོའི་དབང་གྲགས་སྤོས་བཟོའི་ཆེད་ལས་མཉམ་ལས་ཁང་དེ་སྤྱི་ལོ ༢༠༡༤ ལོར་དབུ་བརྙེས་པ་དང་།    མཉམ་ལས་ཁང་དེར་ཁྱོན་མ་འཇོག་སྒོར་ཁྲི ༣༠ ལྷག་ཙམ་བཏང་ཡོད་པ་དང་གཙོ་བོ་གྲོང་ཚོ་དེ་གའི་དུད་ཁྱིམ་བདུན་ལས་གྲུབ་ཡོད།  རྫ་ཡུལ་རྫོང་རོང་སྨད་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་གི་ཤུགས་ཆེའི་རོགས་སྐྱོར་དང་དབང་གྲགས་ཀྱི་བརྩོན་འགྲུས་འོག  གྲོང་ཚོ་དེ་གའི་ལས་ཞུགས་མ་ཐུབ་པའི་མང་ཚོགས་སྣེ་འཁྲིད་དེ་ཕྱུག་འགྱུར་ལམ་བུའི་ཐོག་སྐྱོད་བཞིན་ཡོད།  ཤེས་རྟོགས་བྱས་པར་གཞིགས་ན།  མཉམ་ལས་ཁང་དེས་བཟོས་པའི་སྤོས་ཀྱི་རྒྱུ་ཆ་གཙོ་བོ་ནི་རྫ་ཡུལ་དང་རྒྱ་གར་ས་མཚམས་ཀྱི་ལོ་ངོ་སྟོང་ཕྲག་སོང་བའི་ཙན་དན་དཀར་དམར་དང་། ན་གི། ཨ་ག་རུ། ལི་ཤི་སོགས་རྩ་ཆེའི་སྨན་རྩྭ་དང་དྲི་བཟང་སྤོས་རྫས་ཁག ༢༠ ལྷག་ལས་སྦྱོར་བཟོ་བྱས་པ་ཞིག་ཡིན།།
མཉམ་ལས་ཁང་གི་འགན་འཁུར་བ་ཚེ་རིང་དབང་གྲགས།
        ཚེ་རིང་དབང་གྲགས་ནས་ངོ་སྤྲོད་གནང་བར་གཞིགས་ན།  དེ་སྔོན་ཕག་པ་གསོ་ཚགས་ལ་བརྟེན་ནས་ལོ་རེར་ཡོང་འབབ་སྒོར་ཁྲི ༡ ཙམ་ལས་མེད་པ་དང་ད་ཆ་མཉམ་ལས་ཁང་དེའི་ལོ་རེའི་ཡོང་འབབ་དེ་སྔོན་ལས་ལྡབ་གཅིག་མཐོ་རུ་ཕྱིན་པ་དང་།  མ་གཞི་ད་ལྟ་ཕྱིར་འཚོང་ཐད་དཀའ་ངལ་མང་པོ་འཕྲད་ནའང་རང་ཉིད་བྱ་གཞག་གསར་གཏོད་བྱེད་པའི་ཕུགས་བསམ་མངོན་འགྱུར་ཐུབ་ཆེད།  སླད་ཕྱིན་མུ་མཐུད་དཀའ་སྤྱད་འབད་བརྩོན་བྱས་ནས་དེ་བས་མང་བའི་དབུལ་ཕོངས་མང་ཚོགས་འབབ་འཕར་གྱི་ལམ་བུར་འཁྲིད་ཐུབ་རྒྱུའི་སེམས་ཤུགས་ཆེན་པོ་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1