གཙོ་ངོས།>> སི་ཁྲོན་བོད་ཁུལ།>>དཀར་མཛེས།

དབྱངས་ཅན་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༤ཚེས་༡༡ཉིན།

དཀར་མཛེས་ཁུལ་གྱིས་ཚྭའི་ལས་རིགས་ལ་དོ་དམ་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་བཟའ་ཚྭ་ཉེན་མེད་ཡོང་བར་ཁག་ཐེག་བྱས།

        ཉེ་ཆར། དཀར་མཛེས་ཁུལ་ཚྭ་དོན་ཚོང་ར་ཞིབ་བཤེར་ཁྲུའུ་དང་། ཁུལ་ཚྭ་ལས་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གིས་སྒྲིག་འཛུགས་བྱས་ཏེ་བཟའ་ཚྭ་ཉེན་མེད་ཞིབ་བཤེར་བྱེད་པའི་ཆེད་གཉེར་དག་བཅོས་ཀྱི་བྱེད་སྒོ་སྤེལ་བ་རེད། 
        བྱེད་སྒོ་སྤེལ་རིང་ལྟ་ཉན་འདྲི་གསུམ་གྱི་བྱེད་ཐབས་བརྒྱུད་དེ་གཙོ་གནད་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་འདྲིས་སྡེ་ཁག་དང་། ཞིང་ལས་ཉོ་ཚོང་ཚོང་ར། སྡེབ་འཚོང་དུད་ཚང་། སྟབས་བདེ་ཚོང་ཁང་གི་སིལ་ཚོང་དུད་ཚང་དང་ཟ་ཁང་གི་བཟའ་ཚྭ་བྲིན་འཚོང་དང་མཁོ་སྤྲོད་བེད་སྤྱོད་གཏོང་ཚུལ་སོགས་ལ་ཞིབ་བཤེར་བྱས་པ་དང་། བཟའ་ཚྭ་མཁོ་རྒྱུག་དང་བེད་སྤྱོད་གཏོང་བའི་བརྒྱུད་རིམ་ཡོངས་ལ་ཉེན་མེད་དོ་དམ་བྱེད་ཅིང་། བཅའ་ཁྲིམས་ལྟར་བྲིན་འཚོང་བྱེད་པ་དང་། རྫུན་མ་དང་སྤུས་ཞན་གྱི་བཟའ་ཚྭ་སྤྱོད་པར་མ་ཟད་བཟའ་ཚྭ་ཁྲོད་རྫུན་མ་འདྲེས་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་པོར་བཏང་ནས་མི་དམངས་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་བྱས་པ་རེད།
        དར་མདོ་གྲོང་ཁྱེར་དང་ལྕགས་ཟམ་རྫོང་གི་བཟའ་ཚྭའི་ཚོང་རར་ཆེད་གཉེར་ཞིབ་བཤེར་བྱེད་སྐབས། དར་མདོ་གྲོང་ཁྱེར་གུར་དྲག་གྲོང་རྡལ་གཡག་རྔ་ཧུང་ཡུན་ཚོང་ཁང་དང་ལྕགས་ཟམ་རྫོང་ཞིན་དབྱིན་ཧོ་ཚོང་ཁང་གིས་སྒྲིག་སྲོལ་དང་འགལ་ནས་ཚྭ་ཚོང་གཉེར་བྱེད་པའི་གནས་ཚུལ་མཐོང་བ་རེད། དོ་བདག་མི་སྣ་ལ་ཚྭ་སྡེབ་ཚོང་བྱེད་པའི་ཐོབ་ཐང་མེད་ཀྱང་རང་དགར་གྱིས་ཁྲོན་ཅིང་རྟགས་ཅན་གྱི་ཏེན་བསྲེས་ཚྭ་སྡེབ་ཚོང་བྱས་པའི་རྐྱེན་གྱིས་ཁུལ་ཚྭ་དོན་ཚོང་རའི་ཞིབ་བཤེར་ཁྲུའུ་ཡིས་འབྲེལ་ཡོད་གཏན་འབེབས་དང་བཅའ་ཁྲིམས་ལྟར་དར་མདོ་གྲོང་ཁྱེར་གུར་དྲག་གྲོང་རྡལ་གྱི་གཡག་རྔ་ཧུང་ཡུན་ཚོང་ཁང་གི་ཁྲོན་ཅིང་ཏེན་བསྲེས་བཟའ་ཚྭ་ཏུན32.95དང་། ལྕགས་ཟམ་ཞིན་དབྱིན་ཧོ་ཚོང་ཁང་གི་ཁྲོན་ཅིང་ཏེན་བསྲེས་བཟའ་ཚྭ་ཏུན30.25གཞུང་བཞེས་བྱས་པའི་ཆད་གཅོད་བྱས་ཏེ་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་པོར་བཏང་བ་རེད།
        ཆེད་དོན་ཞིབ་བཤེར་བྱེད་པ་དང་ཆབས་ཅིག  ཞིབ་བཤེར་ཚོ་ཆུང་གིས་ད་དུང་རྒྱལ་ཁབ་དང་ཞིང་ཆེན་གྱི་ཚྭ་ལས་སྒྲིག་སྲོལ་བཅོས་བསྒྱུར་གྱི་འབྲེལ་ཡོད་སྲིད་ཇུས་དང་བར་བརྒལ་དུས་སྐབས་ཀྱི་ལྟ་སྐུལ་དོ་དམ་འགན་ནུས་སོགས་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱས་ཏེ། བཟའ་ཚྭའི་སྤུས་ཚད་ཉེན་མེད་དང་མཁོ་འདོན་ཉེན་མེད་ཡོང་བར་ཁག་ཐེག་བྱ་རྒྱུར་གཙོ་བོར་འཛིན་ཞིང་། བཟའ་ཚྭའི་ཆེད་གཉེར་ལམ་ལུགས་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་མཁོ་སྤྲོད་ཕྱོགས་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་བྱ་རྒྱུར་སྐུལ་འདེད་བཏང་ནས་བཅའ་ཁྲིམས་ལྟར་ཚྭ་ལས་བཅོས་སྐྱོང་བྱེད་པ་དང་དོ་དམ་བྱེད་སྟངས་གསར་གཏོད། བཟའ་ཚྭ་གསོག་ཉར་བྱེད་ཚུལ་འཐུས་ཚང་དུ་གཏོང་ཞིང་ཚོང་རའི་ལྟ་སྐུལ་དོ་དམ་ནན་པོ་བྱ་རྒྱུར་རྒྱུན་འཁྱོངས་བྱས་པ་རེད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1