རང་རེའི་ཞིང་ཆེན་གྱིས་ད་ལོར་ཁེ་ལས་ཀྱི་གཞི་རིམ་མ་འཇོག་རང་བདག་དབང་ཆ་རྒྱ་སྐྱེད་རྒྱུ་རེད།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-11


        ཉེ་ཆར། ཞིང་ཆེན་སྲིད་གཞུང་གི་གཞུང་སྒྲུབ་ཁང་གིས་སི་ཁྲོན་ཞིང་ཆེན་གྱིས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད། དོ་དམ་ཟུང་སྦྲེལ། ཞབས་ཞུ་ལེགས་བསྒྱུར་བྱེད་པ་སོགས་2017ལོའི་ལས་ཀའི་གཙོ་གནད་ཅེས་པ་དཔར་ འགྲེམ་བྱས་ཏེ། ད་ལོར་གོམ་གང་མདུན་སྤོས་ཀྱི་སྒོ་ནས་ཁེ་ལས་རྒྱ་བསྐྱེད་དང་གཞི་རིམ་དུ་མ་འཇོག་བྱེད་པའི་རང་བདག་དབང་ཆ་གསལ་བོར་བཏོན་ནས། རང་རེའི་ཞིང་ཆེན་གྱི་ཁེ་ལས་མ་འཇོག་རྣམ་གྲངས་ཀྱི་ཞིབ་མཆན་དང་ཐོ་འགོད་དོ་དམ་བྱ་ཐབས་ཞེས་པ་བཟོ་བཅོས་དང་འཐུས་ཚང་དུ་བཏང་ཐོག གོམ་གང་མདུན་སྤོས་ཀྱི་སྒོ་ནས་གོ་རིམ་ལེགས་སྒྱུར་དང་ཕན་ནུས་མཐོར་འདེགས་སུ་གཏང་རྒྱུ་རེད།
        བཀོད་སྒྲིག་གཞིར་བཟུང་། ད་ལོར་སྲིད་བདེ་དབང་གཏོང་དང་དབང་ཆ་གཤམ་སྤྲོད། དོ་དམ་ཟུང་འབྲེལ། ཞབས་ཞུ་ལེགས་སྒྱུར་བྱེད་པ་སོགས་ཕྱོགས་སུ་རྣམ་གྲངས་གལ་ཆེན་22ཡོད་པ་དེ་ལ་སྐུལ་འདེད་གཏང་རྒྱུ་རེད།
        སྲིད་བདེ་དབང་གཏོང་དང་དབང་ཆ་བཤམ་སྤྲོད་བྱེད་པའི་ཕྱོགས་སུ། ཁེ་ལས་དང་གཞི་རིམ་གྱི་མ་འཇོག་རང་བདག་དབང་ཆ་རྒྱ་བསྐྱེད་གཏོང་བ་ཕུད། ད་ལོར་ད་དུང་ཞིང་ཆེན་རིམ་པའི་ཞིབ་མཆན་བཀོད་པའི་དཀར་ཆག་བཟོ་བཅོས་བྱས་ནས། སྲིད་གཞུང་གིས་ཞིབ་མཆན་བཀོད་པའི་མ་འཇོག་རྣམ་གྲངས་ཀྱི་དཀར་ཆག་དེ་སི་ཁྲོན་ཞིང་ཆེན་གྱི་2017ལོའི་ལོ་དེབ་ཞེས་པ་ཞིབ་བཤེར་གཏན་འབེབས་བྱས་ཏེ། གོམ་གང་མདུན་སྤོས་ཀྱི་སྒོ་ནས་ཞིབ་བཤེར་ལམ་ལུགས་རྣམ་གྲངས་ཀྱི་ཁྱབ་ཁོངས་ཇེ་ཆུང་དུ་བཏང་ཐོག  འོས་འཚམ་གྱི་སྒོ་ནས་ཞིབ་བཤེར་ལམ་ལུགས་ཀྱི་དབང་ཆའི་ཚད་ཐིག་ལེགས་པོར་བསྒོ་བ། དེ་མིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལས་རིགས་ཐོབ་ཐང་གི་བཅོས་སྒྱུར་བྱེད་པའི་བྱ་བའི་བཀོད་སྒྲིག་གཞིར་བཟུང་།ད་ལོར་རང་རེའི་ཞིང་ཆེན་གྱིས་ལས་རིགས་ཐོབ་ཐང་གི་ཆོག་འཐུས་དང་ངོས་གཉེར་རྣམ་གྲངས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་བ་ཁག་མེད་པར་བཟོ་བ་ལེགས་པོར་བསྒྲུབ་དགོས་པ་རེད།
        དབང་ཆ་གཤམ་སྤྲོད་དང་དོ་དམ་ཟུང་འབྲེལ་བྱེད་པའི་ཕྱོགས་སུ། ད་ལོར་སྐབས་བསྟུན་འདེམས་བསྐོ་དང་ཡོངས་བསྒྲགས་བྱེད་པའི་ལྟ་སྐུལ་དོ་དམ་བྱ་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞིང་ཆེན་གྱིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་གོམ་གང་མདུན་སྤོས་ཀྱི་སྒོ་ནས་གསར་སྐྲུན་བཅོས་བསྒྱུར་དང་ཁྲིམས་ལྟར་བྱ་བ་བསྒྲུབས་པ། ཁྲོམ་རའི་ཚད་ལྡན་གྱི་སྒོ་ནས་ཁྲིམས་ལག་བསྟར་བྱེད་པའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། དབང་ཆ་གཤམ་སྤྲོད་དང་དོ་དམ་ཟུང་འབྲེལ།ཞབས་ཞུ་ལེགས་སྒྱུར་བྱེད་པ་བཅས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བར་ཁྲིད་སྟོན་བྱས་ནས། 2017ལོར་སྐབས་བསྟུན་འཐེན་བཤེར་བྱེད་པའི་རྣམ་གྲངས་ཁག་ཁྱོན་ཡོངས་སུ་ཁེབས་པ་མངོན་འགྱུར་ཡོང་བར་ཁག་ཐེག་བྱ་རྒྱུ་རེད།
        ཞབས་ཞུ་ལེགས་སྒྱུར་བྱེད་པའི་ཕྱོགས་སུ། ཁེ་ལས་ཀྱི་ཐོ་འགོད་བྱེད་པའི་བརྒྱུད་རིམ་ཡོངས་དེ་གློག་རྡུལ་ཅན་གྱི་ཕྱོགས་སུ་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱིས་དྲ་སྦྲེལ་རྒྱས་པའི་བཟོ་ཚོང་ཐོ་འགོད་བྱེད་པར་སྐུལ་འདེད་གཏོང་བའི་བྱ་བའི་ལག་བསྟར་བསམ་འཆར་ཅེས་པ་བཏོན་ནས། བསྒྱུར་བཅོས་ཞིབ་འཕྲ་བྱེད་པ་ལེགས་འགྲུབ་དང་། ཚད་གཞིའི་བརྒྱུད་རིམ་གཅིག་གྱུར་ཡོང་བ་བྱས་ཏེ། ཡིག་ཐོག་ནས་ཐོ་འགོད་བྱེད་པ་དང་མཉམ་དུ་གློག་རྡུལ་ཅན་གྱི་དྲ་བའི་ཐོག་ཐོ་འགོད་བྱེད་པ་མངོན་འགྱུར་ཡོང་བ་བྱ་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1