མཉམ་དུ་སྤུས་ཚད་སྟོབས་ལྡན་གྱི་ཞིང་ཆེན་འཛུགས་སྐྲུན་བྱ་དགོས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-12


        སྤྱི་ཟླ་4པའི་ཚེས་11ཉིན། ཞིང་ཆེན་སྲིད་གཞུང་དང་རྒྱལ་ཁབ་སྤུས་ཚད་ལྟ་སྐུལ་ཚད་ལནེ་དང་རིམས་ནད་ཚད་ཞིབ་ཅུས་གཉིས་ཀྱིས་ཁྲེན་ཏུའུ་ནས་མཉམ་ལས་བརྗེད་ཐོར་མིང་རྟགས་བཀོད་ནས། མཉམ་གཅིག་ཏུ་སི་ཁྲོན་སྤུས་ཚད་སྟོབས་ལྡན་གྱི་ཞིང་ཆེན་དུ་འཛུགས་སྐྲུན་དང་སྐམ་སའི་དབུས་ཁུལ་སྒོ་འབྱེད་དང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏང་བར་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་མིང་རྟགས་བཀོད་པའི་མཛད་སྒོའི་ཐོག་ཏུ་བཞུགས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི། རྒྱལ་ཁབ་སྤུས་ཚད་ཞིབ་བཤེར་སྤྱི་ཁྱབ་ཅུས་ཀྱི་འགོ་འཛིན་ཀྲི་ཧྲུའུ་ཕིང་བཅས་ཀྱིས་སོ་སོ་བྱས་ཏེ་ཕྱོགས་གཉིས་ཀྱི་ཚབ་བྱས་ནས་མཉམ་ལས་བརྗེད་ཐོར་ཐོག་མིང་རྟགས་བཀོད།   
        མཉམ་ལས་བརྗེད་ཐོ་གཞིར་བཟུང་ནས། ཕྱོགས་གཉིས་ཀྱིས་སི་ཁྲོན་དེ་སྤུས་ཚད་སྟོབས་ལྡན་གྱི་ཞིང་ཆེན་དུ་འཛུགས་སྐྲུན་བྱེད་པར་མཉམ་གཅིག་ཏུ་སྐུལ་འདེད་བཏང་ཐོག  སྤུས་ཚད་ཚོང་རྟགས་གསར་བཟོ་དང་། སྤུས་ཚད་བཅོས་བསྒྱུར་གསར་སྐྲུན། སྒོ་འབྱེད་མཉམ་ལས་ཀྱི་སྟེགས་བུ་བསྐྲུན་པ། ཕྱི་ཕྱོགས་སྒོ་འབྱེད་ཀྱི་ནུས་པ་ཆེ་རུ་གཏོང་བ། གཞི་རིམ་གྱི་རྨང་གཞི་འཛུགས་སྐྲུན་བྱེད་པ་སོགས་ཕྱོགས་སུ་མཉམ་ལས་རྒྱ་བསྐྱེད་གཏང་རྒྱུ། རྒྱལ་ཁབ་སྤུས་ཚད་ཞིབ་བཤེར་སྤྱི་ཁྱབ་ཅུས་ཀྱིས་སི་ཁྲོན་གྱི་སྤུས་ཚད་འཕེལ་རྒྱས་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། སི་ཁྲོན་གྱིས་སྤུས་ཚད་བདེ་འཇགས་གི་འགན་ནུས་མཐོར་འདེགས་སུ་གཏོང་བ། དཔུང་ཁག་གི་ཆུ་ཚད་ཆེད་ལས་ཅན་གྱི་ཕྱོགས་སུ་མཐོར་འདེགས་སུ་གཏོང་བ་བཅས་ལ་རྒྱབ་སྐྱོར་བྱ་རྒྱུ། དེ་མིན་སི་ཁྲོན་ཞིང་ཆེན་སྲིད་གཞུང་གིས་སྤུས་ཚད་མཐོར་འདེགས་སུ་གཏོང་བར་བརྩོན་ལེན་བྱས་ཏེ། སྤྱི་པའི་ཞིབ་དཔྱད་ཚད་ལེན་གྱི་སྟེགས་བུ་དང་དེངས་རབས་ཅན་གྱི་སྤུས་ཚད་ལྟ་སྐུལ་དོ་དམ་བྱེད་པའི་མ་ལག་ཞིག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1