རྔ་བ་ཁུལ་གྱིས་ཀྲུང་གོའི་ཕུགས་འདུན་གྱི་གཙོ་དོན་གླུ་དབྱངས་དྲིལ་བསྒྲགས་ཁྱབ་སྤེལ་ལས་ཀ་ལེགས་འགྲུབ་བྱུང་།

སྒྲོལ་མ་ཚེ་བརྟན། རྩོམ་སྒྲིག་པ།སྒྲོལ་མ་ཚེ་བརྟན།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 07-15


     རྔ་བ་ཁུལ་དཔེ་མཛོད་ཁང་གིས་སྤྱི་ཟླ་6པའི་ཚེས་12ཉིན་ནས་ཟླ་7པའི་ཚེས་6ཉིན་བར། ཁུལ་ཡོངས་ཀྱི་རྫོང་སོ་སོའི་དཔེ་མཛོད་ཁང་རྩ་འཛུགས་བྱས་ནས། ཀྲུང་གོའི་ཕུགས་འདུན་གྱི་གཙོ་དོན་གླུ་དབྱངས་གསར་པ་དྲིལ་བསྒྲགས་དང་ཁྱབ་སྤེལ་གྱི་ལས་ཀ་སྤེལ། སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་གི་དྲ་བའི་གྲངས་ཀའི་ཐོན་ཁུངས་ལེ་ཚན་དང་འབྲེལ་མཐུད་བྱས་ཏེ། 《གཟི་བརྗིད་དང་ཕུགས་བསམ།》ཞེས་པ་སོགས་ཀྲུང་གོའི་ཕུགས་འདུན་གྱི་གཙོ་དོན་གླུ་དབྱངས་20ཁུལ་ཡོངས་ཀྱི་རྫོང་སོ་སོའི་དཔེ་མཛོད་ཁང་གི་གློག་རྡུལ་དཔེ་ཀློག་ཁང་དང་སྨྱན་མང་ཞབས་ཞུ་ཁང་དུ་འཁོར་བསྐྱོད་སྒྲོག་གཏོང་གི་ཞབས་ཞུ་སྤེལ་བ་དང་སྦྲགས། ཁུལ་ཡོངས་ཀྱི་རྫོང་སོ་སོའི་ཀུན་ཁྱབ་རླུང་འཕྲིན་ཁང་དུ་སྒྲོག་གཏོང་བྱས་པས་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ལྷག་པར་ཐོབ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1