ཟུང་ཆུ་རྫོང་གིས་རྒྱལ་ཡོངས་བོད་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་ཐོག་མ་བསྐྲུན་རྒྱུ་རེད།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-12


        སྤྱི་ཟླ་4པའི་ཚེས10ཉིན། རྔ་བ་ཁུལ་ཟུང་ཆུ་རྫོང་མི་དམངས་སྲིད་གཞུང་དང་ཀྲུང་གོའི་དངུལ་རྩའི་སྐྱི་བུན་ཚད་ཡོད་ཀུང་སིས་ཁྲེན་ཏུའུ་ནས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག  ཀུང་སི་དེས་མ་དངུལ་སྒོར་དུང་ཕྱུར་100བཏང་ནས་གཙོ་ཚང་དགོན་གྲོང་རྡལ་དེ་ཀྲུང་གོའི་ཁྱད་ལྡན་གྲོང་རྡལ་དུ་བསྐྲུན་རྒྱུ་རེད། རིམ་བཞིན་ཐོན་ལས་དང་གྲོང་རྡལ། རིག་གནས་སོགས་གཞི་གཅིག་ཏུ་འཛོམས་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཆེན་པོ་བསྐྲུན་རྒྱུ་བརྩོན་ལེན་བྱས་ནས་རྒྱལ་ཡོངས་བོད་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་ཐོག་མ་ཆགས་སུ་འཇུག་རྒྱུ་རེད།། 
  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1