《སྙན་ངག་མེ་ལོང་མ་རྩ་འགྲེལ་ཕྱོགས་བསྒྲིགས།》པར་སྐྲུན་འགྲེམ་སྤེལ་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-13


      ཉེ་ཆར། སི་ཁྲོན་མི་རིགས་ཁང་བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱིས་པོད་ཉི་ཤུའི་བདག་ཉིད་ཅན་གྱི《སྙན་ངག་མེ་ལོང་མ་རྩ་འགྲེལ་ཕྱོགས་བསྒྲིགས།》པར་སྐྲུན་འགྲེམ་སྤེལ་བྱས་ཤིང་། དཔེ་ཚོགས་འདི་ཉིད་སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་བསྒྲིགས་ཤིང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་ལྟེ་གནས་ཀྱིས་ཐུན་མོང་རིག་མཛོད་དཔེ་ཚོགས་ཆེན་མོའི་གྲས་སུ་བདམས་ཏེ་དཔེ་སྐྲུན་བྱས་པ་ཞིག་རེད། དཔེ་ཚོགས་འདིར་ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན་དང་། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། རྒྱལ་དབང་ལྔ་པ་ཆེན་པོ། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཅོ་ནེ་གྲགས་པ་བཤད་སྒྲུབ། དམུ་དགེ་བསམ་གཏན་རྒྱ་མཚོ། ཚེ་ཏན་ཞབས་དྲུང་སོགས་བོད་ཀྱི་གནའ་དེང་གི་མཁས་དབང་མང་པོ་ཞིག་གིས་མཛད་པའི་སྙན་འགྲེལ་ཕྱོགས་བསྒྲིགས་གནང་ཡོད་པ་ལགས་ན། སྙན་འགྲེལ་གྱི་དཔེ་ཚོགས་རྩ་ཆེན་འདི་ཉིད་བོད་ཀྱི་རིག་གནས་དཔྱད་གཞི་འགངས་ཆེན་ཞིག་དང་། ལྷག་པར་སྙན་ངག་ལ་འཇུག་མཁན་དང་ཉམས་ཞིབ་གནང་མཁན་ཀུན་ལ་ཤིན་ཏུ་སྨན་པའི་དཔེ་ཚོགས་ཤིག་ཡིན་པར་གདོན་མི་ཟའོ། །

མཛད་པ་པོ་དག་གི་མཚན་ཐོ།
པོད་དང་པོ། སློབ་དཔོན་དབྱུག་པ་ཅན་སོགས་ཀྱིས་མཛད།
པོད་གཉིས་པ། སྣར་ཐང་པ་སངྒྷ་ཤྲཱི་སོགས་ཀྱིས་མཛད།
པོད་གསུམ་པ། རིན་སྤུངས་ངག་དབང་འཇིགས་གྲགས་སོགས་ཀྱིས་མཛད།
པོད་བཞི་པ། པཎ་ཆེན་ཤཱཀྱ་མཆོག་ལྡན་སོགས་ཀྱིས་མཛད།
པོད་ལྔ་པ། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་སོགས་ཀྱིས་མཛད།
པོད་དྲུག་པ། རྒྱལ་དབང་ལྔ་པ་ཆེན་པོ་སོགས་ཀྱིས་མཛད།
པོད་བདུན་པ། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་སོགས་ཀྱིས་མཛད།
པོད་བརྒྱད་པ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་སོགས་ཀྱིས་མཛད།
པོད་དགུ་པ། ཨ་མེས་ངག་དབང་ཀུན་དགའ་བསོད་ནམས་སོགས་ཀྱིས་མཛད།
པོད་བཅུ་པ། སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་སོགས་ཀྱིས་མཛད།
པོད་བཅུ་གཅིག་པ། ཀརྨ་ཕྲིན་ལས་གཉིས་པ་སོགས་ཀྱིས་མཛད་སོགས་ཀྱིས་མཛད།
པོད་བཅུ་གཉིས་པ། ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ་སོགས་ཀྱིས་མཛད།
པོད་བཅུ་གསུམ་པ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སོགས་ཀྱིས་མཛད།
པོད་བཅུ་བཞི་པ། པཎ་ཆེན་བློ་བཟང་ཡེ་ཤེས་སོགས་ཀྱིས་མཛད།
པོད་བཅོ་ལྔ་པ། ཅོ་ནེ་གྲགས་པ་བཤད་སྒྲུབ་སོགས་ཀྱིས་མཛད།
པོད་བཅུ་དྲུག་པ། ཀརྨ་ཚེ་དབང་དཔལ་འབར་སོགས་ཀྱིས་མཛད།
པོད་བཅུ་བདུན་པ། དམུ་དགེ་བསམ་གཏན་རྒྱ་མཚོ་སོགས་ཀྱིས་མཛད།
པོད་བཅོ་བརྒྱད་པ། ཚེ་ཏན་ཞབས་དྲུང་སོགས་ཀྱིས་མཛད།
པོད་བཅུ་དགུ་པ། དཔོན་སློབ་ཚུལ་ཁྲིམས་རྒྱལ་མཚན་སོགས་ཀྱིས་མཛད།
པོད་ཉི་ཤུ་པ། རྒྱལ་ཚབ་ཀུན་བཟང་བློ་གྲོས་སོགས་ཀྱིས་མཛད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1