བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་མཚོ་སྔོན་མི་རིགས་སློབ་ཆེན་དུ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-17


ཚོགས་འདུའི་ཡུལ་དངོས། 

       2017ལོའི་ཟླ་4པའི་ཚེས་15ཉིན། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོས་གཙོ་སྒྲུབ་བྱས་ཤིང་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་ལས་གཉེར་ཚན་ཆུང་གིས་རོགས་སྒྲུབ་བྱས་པའི་རྒྱལ་ཡོངས་བོད་ཀྱི་རིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་དེ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་འཚུགས་ཤིང་། ཞིང་ཆེན་ཕྱི་ནང་གི་ཡིག་མཁན་ཆེད་མཁས་པ་མང་པོ་ཐེངས་འདིའི་ཚོགས་འདུར་ཞུགས། 

ཡིག་གཟུགས་འགྲེམ་སྟོན་གྱི་ཡུལ་དངོས།

        ཐེངས་འདིའི་ཚོགས་འདུའི་བརྗོད་དོན་ནི་ཕུལ་དུ་བྱུང་བའི་མི་རིགས་རིག་གནས་རྒྱུན་འཛིན་དང་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་རྒྱ་ཆེར་དར་སྤེལ་གཏོང་བ་ཞེས་པ་ཡིན་ལ། དེར་བརྟེན་ནས་བོད་ཀྱི་ཡིག་གཟུགས་ཀྱི་གྲུབ་འབྲས་སྔོག་འདོན་དང་འགྲེམ་སྟོན་བྱེད་པ་དང་། སྤྱི་ཚོགས་སྟེང་གི་ལས་རིགས་སོ་སོའི་མི་སྣ་དང་སློབ་ཆེན་ཁག་གི་དགེ་སློབ་རྣམས་ཀྱིས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་གྱི་གནས་བབ་དང་མ་འོངས་པའི་ཁ་ཕྱོགས་ལ་དཔྱད་གླེང་དང་བསམ་བློ་བརྗེ་རེས་བྱེད་པ་བཅས་ནི་ཚོགས་འདུ་འདི་འཚོགས་པའི་དམིགས་ཡུལ་ཡིན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1