ཉག་ཆུ་རྫོང་དུ་རི་སྐྱེས་སྲོག་ཆགས་པར་དུ་བླངས་པ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 04-17


     

        ཉེ་ཆར།  ཉག་ཆུ་རྫོང་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལས་བྱེད་པས་ཉག་ཆུ་རྫོང་ཁོངས་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་གནས་ཚུལ་ལ་ཞིབ་དཔྱད་བྱེད་དུས། མར་རུ་མཚོ་ཡུལ་ཤོག་ཏུ་བཀོད་སྒྲིག་བྱས་ཡོད་པའི་དམར་ཕྱིའི་ཐིག་གི་པར་ཆས་ནང་དུ་རི་སྐྱེས་སྲོག་ཆགས་རིགས་མི་འདྲ་བ་10ལྷག་གི་པར་ཏུ་བླངས་ཡོད་པ་མཐོང་། ཉེ་བའི་ལོ་འགའ་རིང་ལ། ཉག་ཆུ་རྫོང་གི་སྐྱེ་ཁམས་སྲུང་སྐྱོང་ཁུལ་གྱི་འབྲས་བུ་གཡུར་དུ་ཟ་བ་བླངས་ཡོད་པར་མ་ཟད།  ཉག་ཆུ་རྫོང་གི་ས་ཁུལ་གཞན་དག་དུ་ཡང་རི་སྐྱེས་སྲོག་ཆགས་མང་པོ་ཡོད་པ་རེད།



        ཤེས་རྟོགས་བྱུང་པར་ལྟར་ན། 2016ལོའི་ཟླ་10ནས་2017ལོའི་ཟླ་3བར། ཉག་ཆུ་རྫོང་སྲུང་སྐྱོང་ཁུལ་གྱི་ལས་བྱེད་མི་སྣས་པེ་ཅིང་སློབ་གྲྭ་ཆེན་མོའི་དང་བླངས་པ་དང་མཉམ་དུ་ཧོར་ལུང་དང་ཧོར་ར། སྡེ་ཚྭ། མར་རུ་མཚོ་བཅས་ཡུལ་ཤོག་བཞི་རུ་དམའ་ཕྱིའི་ཐིག་གི་པར་ཆས་48བཀོད་སྒྲིག་བྱས་ནས་རི་སྐྱེས་སྲོག་ཆགས་ཀྱི་གནས་ཚུལ་ལ་ཞིབ་དཔྱད་བྱས།  ཐེངས་འདིར་མར་རུ་མཚོའི་ས་ཁུལ་ཏུ་རི་སྐྱེས་སྲོག་ཆགས་ཀྱི་པར་100ལྷག་དང་བརྙན་200ལྷག་ལེན་ཐུབ་པ་བྱུང་བ་རེད། ། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1