གཙོ་ངོས།>> སི་ཁྲོན་བོད་ཁུལ།>>རྔ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༤ཚེས་༡༨ཉིན།

སྐབས་བརྒྱད་པའི་རྒྱལ་ཡོངས་བོད་འགྱིག་འགྲན་བསྡུར་རྔ་བ་རྫོང་ནས་མཇུག་སྒྲིལ།

        སྤྱི་ཟླ་4པའི་ཚེས་16ཉིན། ཀྲུང་གོ་རྔ་བ་རྫོང་གིས་སྤེལ་བའི་བོད་འགྱིག་གི་རྒྱལ་ཕམ་དང་རྩེར་སོན་གྱི་འགྲན་རྩོད་ཅེས་པའི་སྐབས་བརྒྱད་པའི་རྒྱལ་ཡོངས་བོད་འགྱིག་འགྲན་བསྡུར་དེ་རྔ་བ་རྫོང་ནས་མཇུག་སྒྲིལ། སི་ཁྲོན་དང་མཚོ་སྔོན། བོད་ལྗོངས། ནང་སོག་སོགས་བཅས་ནས་ཕེབས་ནས་འགྲན་ཞུགས་པ་140ཡིས་ཉིན་བཞིའི་ཛ་དྲག་གི་འགྲན་བསྡུར་བརྒྱུད་འགྲན་ཞུགས་པ་16རྟིང་རྩོད་འགྲན་བསྡུར་ཁྲོད་ཞུགས་པ་དང་། ཆེས་མཇུག་མཐར་ཨང་དང་པོ་གཅིག་དང་ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ། ཕུལ་བྱུང་འགྲན་ཞུགས་པ་10བཅས་བདམས་ཐོན་བྱུང་། རྔ་བ་རྫོང་བློན་ཚང་གྲོང་ཚོའི་འགྲན་ཞུགས་པ་དགེ་གོ་ལ་ཨང་དང་པོའི་གཟེངས་རྟགས་ཐོབ་པ་སྟེ། ཁོས་བསྟུན་མར་སྐབས་གཉིས་ལ་ཨང་དང་པོའི་གྲུབ་འགྲུབ་བླངས་པ་རེད། 

གཟེངས་རྟགས་ཐོབ་པའི་འགྲན་ཞུགས་པ་དག་གི་མཉམ་པར།

འགྲན་བསྡུར་གྱི་ཡུལ་དངོས། 

ཐེངས་འདིའི་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་མཁན།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1