《ཁམས་མི་ཉག་ཕྱོགས་ཀྱི་གཏམ་དཔེ་དང་དམངས་གཞས་ཕྱོགས་བསྒྲིགས།》དཔེ་སྐྲུན་འགྲེམ་སྤེལ་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-18


        ཉེ་ཆར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱིས་མི་ཉག་པ་ཟླ་བ་སྒྲོལ་མས་རྩོམ་སྒྲིག་འཚོལ་བསྡུ་བྱས་པའི་《ཁམས་མི་ཉག་ཕྱོགས་ཀྱི་གཏམ་དཔེ་དང་དམངས་གཞས་ཕྱོགས་བསྒྲིགས།》དཔེ་སྐྲུན་འགྲེམ་སྤེལ་བྱས། དེབ་འདིར་བོད་ཀྱི་སྨད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་མི་ཉག་རབ་སྒང་གི་ས་ཆར་མི་རབས་ནས་མི་རབས་སུ་བརྒྱུད་པའི་གཏམ་དཔེ་༣༢༥དང་དམངས་གཞས་༡༣༠བཅས་བོད་རྒྱ་ཤན་སྦྱར་གྱི་སྒོ་ནས་བསྒྲིགས་ཡོད་ལ། ད་དུང་ཁམས་མི་ཉག་ཡུལ་གྱི་དམངས་སྲོལ་མཚོན་པའི་པར་རིས་ཡིད་དུ་འོང་བ་ཤ་སྟག་བར་བཅུག་གི་ཚུལ་དུ་བཀོད་ཡོད་པས། རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་མི་ཉག་གི་གཏམ་དཔེ་དང་དམངས་གཞས་ཀྱིས་མཚོན་པའི་དམངས་སྲོལ་རིག་གནས་ལ་རྒྱུས་ལོན་དང་སློབ་སྦྱོང་བྱེད་པར་དཔྱད་གཞི་འདོན་སྤྲོད་བྱས་ཡོད་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1