སི་ཁྲོན་ཞིང་ཆེན་གྱི་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་ཁྲེན་ཏུའུ་རུ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-18


        སྤྱི་ཟླ་4པའི་ཚེས་17ཉིན་གྱི་སྔ་དྲོར། སི་ཁྲོན་ཞིང་ཆེན་གྱི་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་ཁྲེན་ཏུའུ་རུ་འཚོགས་ཤིང་།  ཚོགས་འདུའི་ཐོག་གཏིང་ཟབ་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ཏེ་ལྷག་པར་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་འཐབ་ཇུས་བསམ་བློ་ལ་སློབ་སྦྱོང་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་སྡེ་ཁག་སོ་སོ་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་གོམ་གང་མདུན་སྤོས་སྒོས་ཁོར་ཡུག་སྲུང་སྐྱོབ་ཀྱི་བསམ་བློའི་རང་རྟོག་དང་ལས་ཀའི་རང་རྟོག་གོང་འཕེལ་དུ་བཏང་ནས་མགྱོགས་མྱུར་ངང་མཛེས་སྡུག་འཆམ་མཐུན་གྱི་སི་ཁྲོན་བསྐྲུན་པར་སྐུལ་སློང་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་ཡིས་ཚོགས་ཆེན་ལ་གཙོ་སྐྱོང་མཛད་པར་མ་ཟད་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པའི་ཐད་ལ་བླང་བྱ་བཏོན། 
        ཝང་ཏུང་མིང་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ་ཞིང་ཆེན་ཏང་ཨུས་ནན་ཏན་གྱིས་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱས་ཤིང་། དུས་དང་རྣམ་པ་ཀུན་ཏུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་སྤྱི་ཡོངས་ལ་འབྲེལ་བའི་གོ་གནས་གལ་ཆེན་དུ་བཞག་པ་དང་། རྗེས་ལུས་དང་ཐོན་ནུས་ལྷག་མ་ཐག་གཅོད་བྱེད་པ་དང་། གནམ་གཤིས་དང་ཆུ། ས་ཁམས་བཅས་ཀྱི་འབག་བཙོག་འགོག་བཅས་ཀྱི“གཡུལ་འཐབ་ཆེན་པོ་གསུམ”ལས་རྣམ་པར་རྒྱལ་བ། ཤུགས་ཆེན་པོས་སྐྱེ་ཁམས་སླར་གསོ་དང་སྲུང་སྐྱོབ་བྱེད་པ། བཅོས་སྒྱུར་བརྒྱུད་དེ་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཁོར་ཡུག་བཅོས་སྐྱོང་དེ་ཁྲིམས་སྐྱོང་དང་བསྟུན་པར་བྱེད་པ། ཁོར་སྲུང་ལྟ་སྐུལ་གྱིས་ལས་ཀའི་དོན་འཁྱོལ་ལ་སྐུལ་འདེད་བཏང་བ་བཅས་རྒྱུན་འཁྱོངས་བྱས་པས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་རྒྱུ་སྤུས་སྤྱི་ཆ་ནས་བརྟན་བརླིང་ཡིན་པ་དང་རང་བྱུང་སྐྱེ་ཁམས་མ་ལག་གི་ཞབས་ཞུའི་ཕན་ནུས་རྒྱུན་ཆད་མེད་པར་གོང་འཕེལ་དུ་བཏང་། ཐོན་སྐྱེད་འཚོ་བའི་ཐབས་ལམ་སྔར་ལས་ལྗང་མདོག་ཐཱན་ཉུང་དུ་གྱུར་ཞིང་གོམ་གང་མདུན་སྤོས་སྒོས་སི་ཁྲོན་གྱི་གནས་བབ་དང་མཐུན་པའི་ལྗང་མདོག་འཕེལ་རྒྱས་དང་འཚམ་པའི་བགྲོད་ལམ་དུ་བསྐྱོད་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1