གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༧ཚེས་༡༥ཉིན།

ཀྲུང་གོ་དང་ཧན་གོའི་རང་དབང་ཉོ་ཚོང་ས་ཁུལ་གྱི་གྲོས་མོལ་སྐོར་ཐེངས་བཅུ་གཉིས་པ་ཧན་གོ་ནས་སྤེལ།

ཀྲུང་གོ་དང་ཧན་གོའི་རང་དབང་ཉོ་ཚོང་ས་ཁུལ་གྱི་གྲོས་མོལ་སྐོར་ཐེངས་བཅུ་གཉིས་པ་14ཉིན་ཧན་གོ་ནས་སྤེལ། ཀྲུང་གོའི་ཚོང་དོན་པུའུ་ཡི་པུའུ་ཀྲང་ལས་རོགས་པ་བང་ཧྲིག་ཝུན་དང་ཧན་གོའི་ཐོན་ལས་ཚོང་འགྲིམ་ཐོན་ཁུངས་པུའུ་ཡི་པུའུ་ཀྲང་ལས་རོགས་པ་ཡུས་ཐེ་ཞེ་གཉིས་ཀྱིས་འཐུས་ཚབ་ཚོགས་པ་ཁྲིད་དེ་གྲོས་མོལ་དུ་ཞུགས།

གྲོས་མོལ་གྱི་དུས་ཡུན་གཟའ་འཁོར་གཅིག་ཡིན་པ་དང་། ཕྱོགས་གཉིས་ཀྱིས་དངོས་ཟོང་ཉོ་ཚོང་དང་ཞབས་ཞུའི་ཉོ་ཚོང་། དངུལ་གཏོང་། ཐོན་ཡུལ་གྱི་སྒྲིག་སྲོལ། ཉོ་ཚོང་རྒུད་སྐྱོབ། ལག་རྩལ་རང་བཞིན་གྱི་ཉོ་ཚོང་བཀག་རྒྱ། འཕྲོད་བསྟེན། སྐྱེ་དངོས་འཕྲོད་བསྟེན་གྱི་བྱེད་ཐབས། ཤེས་བྱའི་ཐོན་དབང་སོགས་གྲོས་གཞིའི་ཐད་ནས་གྲོས་མོལ་བྱ་རྒྱུ།

ཀྲུང་གོ་དང་ཧན་གོའི་རང་དབང་ཉོ་ཚོང་ས་ཁུལ་གྱི་གྲོས་མོལ་དེ་2012་ལོའི་ཟླ་5དངོས་སུ་མགོ་བརྩམས་པ་དང་། ད་ལྟ་ཐོག་མའི་དུས་རིམ་གྱི་གྲོས་མོལ་ཡོངས་འགྲུབ་བྱས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཉེ་སྔོན་མཉམ་དུ་ཁྱབ་བསྒྲགས་བྱས་དོན། མཉམ་དུ་འབད་བརྩོན་བྱས་ཏེ་2014ལོའི་ལོ་མཇུག་གི་སྔོན་ལ་རང་དབང་ཉོ་ཚོང་ས་ཁུལ་གྱི་གྲོས་མོལ་ཡོངས་འགྲུབ་བྱེད་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1