གྲ་ནང་རྫོང་བདེ་སྐྱིད་གྲོང་གསར་གྱི་བ་ཕྱུགས་གསོ་ཚགས་ལྟེ་གནས།

ངག་དབང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་འཕྲིན་དྲ། སྤེལ་དུས། 04-21



གྲ་ནང་རྫོང་བདེ་སྐྱིད་གྲོང་གསར་གྱི་བ་གསོ་ར་བ།
        ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གིས་སྤྱི་ལོ ༢༠༡༤ ལོའི་ཟླ ༡༠ ནས་སྤྱི་ལོ ༢༠༡༥ ལོའི་ཟླ ༦ པའི་བར་དུས་ཁག་གཉིས་པའི་ནོར་སྲིད་དབུལ་སྐྱོར་གསར་སྤེལ་རྣམ་གྲངས་སྤེལ་ཚུན།  གྲ་ནང་རྫོང་བདེ་སྐྱིད་གྲོང་གསར་བ་གསོ་ལྟེ་གནས་ཀྱི་དབུལ་སྐྱོར་རྣམ་གྲངས་ལ་ཁྱོན་མ་འཇོག་སྒོར་ཁྲི ༡༥༥ བཏང་ཡོད་པའི་ནང་རྒྱལ་ཁབ་ནས་མ་སྒོར་ཁྲི ༡༥༠ བཏང་པ་དང་།  མང་ཚོགས་ཀྱིས་རང་གསོག་དང་ལས་ཞུགས་བྱས་ཏེ་དངུལ་ཕབ་བྱས་པའི་ཁྱོན་སྒོར་ཁྲི ༥ བཏང་ཡོད།  དྲོད་ཡོད་པའི་བ་ཚང་རྨིད་གྲུ་བཞི་མ ༢༠༠ དང་དོ་དམ་ལས་དོན་ཁང་རྨིད་གྲུ་བཞི་མ ༢༠ །  རིམས་འགོག་ས་ཚིགས་རྨིད་གྲུ་བཞི་མ ༢༠ བཅས་འཛུགས་སྐྲུན་བྱས་ནས་བ་ཕྱུགས ༥༠ ཉོས་པ་དང་།  སོན་བཟང་སྤྱི་རྒྱ་བརྒྱ་ལྷཉོ་སྒྲུབ་བྱས་ཏེ་གཟན་ཆག་འདེབས་འཛུགས་མུའུ ༥༠ བྱས་པ་རེད།  ཤེས་རྟོགས་བྱས་པར་གཞིགས་ན།  གྲ་ནང་རྫོང་གིས་དབུལ་སྐྱོར་རྣམ་གྲངས་སྤེལ་བ་བརྒྱུད་དུད་ཚང་ ༣༥ ཡི་མི་གྲངས ༡༣༥ ལ་ཕན་པ་ཐོབ་ཡོད།།

བ་ཕྱུགས་ཤེད་མོ་ཡག་པ་གཡོག་གཅེས་མཁས་པའི་དྲིན།

རྒྱུ་གཙང་སྤུས་གཙང་གི་མར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1