༄༅།། འགྲིམ་འགྲུལ་ལས་འཛོལ་ལ་རིགས་ཇི་ལྟར་ཡོད་པ་ཁྱེད་ཀྱིས་ཤེས་སམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-25


        གཞུང་ལམ་འགྲིམ་འགྲུལ་ལས་འཛོལ་རིགས་ལ་ཡང་བ་དང་།  སྤྱིར་བཏང་།  ཚབས་ཆེ་བ།  ཆེས་ཚབས་ཆེ་བ་བཅས་བཞི་ཡོད་པ་སྟེ།

ཡང་བའི་ལས་འཛོལ་ནི།

        ལས་འཛོལ་ཁྲོད་མི་གཅིག་ནས་གཉིས་བར་ལ་རྨས་སྐྱོན་ཅུང་ཟད་ཕོག་པའམ་འཕྲུལ་སྒུལ་འཁོར་རིགས་ལས་འཛོལ་ཁྲོད་རྒྱུ་ནོར་གྱི་གྱོང་གུན་སྒོར་1000མན་ཆད་ལ་ཟེར།  འཕྲུལ་སྒུལ་འཁོར་རིགས་མ་ཡིན་པའི་ལས་འཛོལ་ཁྲོད་རྒྱུ་ནོར་གྱི་གྱོང་གུན་སྒོར་200མན་ཆད་བྱུང་བའི་ལས་འཛོལ་རིགས་ལ་ཟེར། 

སྤྱིར་བཏང་གི་ལས་འཛོལ་ནི།

        ལས་འཛོལ་ཁྲོད་མི་གཅིག་ནས་གཉིས་བར་ལ་རྨས་སྐྱོན་ཅུང་ཚབས་ཆེ་ཙམ་ཕོག་པའམ་ཡང་ན་མི་གསུམ་ཡན་ལ་རྨས་སྐྱོན་ཅུང་ཟད་ཕོག་པ།  ཡང་ན་རྒྱུ་ནོར་གྱི་གྱོང་གུན་སྒོར་ཁྲི་3མ་ཟིན་ཙམ་བྱུང་བའི་ལས་འཛོལ་གྱི་རིགས་ལ་ཟེར། 

ཚབས་ཆེའི་ལས་འཛོལ་ནི། 

        ལས་འཛོལ་ཁྲོད་མི་གཅིག་ནས་གཉིས་བར་ཚེ་སྲོག་ཤོར་བའམ་ཡང་ན་མི་གསུམ་ཡན་ནས་བཅུ་མན་ལ་ཚབས་ཆེ་བའི་རྨས་སྐྱོན་ཕོག་པ།  ཡང་ན་རྒྱུ་ནོར་གྱི་གྱོང་གུན་སྒོར་ཁྲི་3ཡན་ནས་ཁྲི་6མན་བྱུང་བའི་ལས་འཛོལ་རིགས་ལ་ཟེར།  

ཆེས་ཚབས་ཆེ་བའི་ལས་འཛོལ་ནི། 

        ལས་འཛོལ་ཁྲོད་མི་གསུམ་ཡན་གྱི་ཚེ་སྲོག་ཤོར་བའམ་མི་བཅུ་གཅིག་ཡན་ལ་ཚབས་ཆེ་བའི་རྨས་སྐྱོན་ཕོག་པ།  ཡང་ན་མི་གཅིག་གི་ཚེ་སྲོག་ཤོར་བ་དང་མི་ལྔ་ཡན་ལ་ཚབས་ཆེ་བའི་རྨས་སྐྱོན་ཕོག་པ། རྒྱུ་ནོར་གྱི་གྱོང་གུན་སྒོར་ཁྲི་6ཡན་ཟིན་པའི་ལས་འཛོལ་གྱི་རིགས་ལ་ཟེར་བས་ཁ་ལོ་བ་ཚོས་བདེ་འཇགས་ངང་འགྲུལ་བཞུད་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན། 

(བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་འཕྲིན་སྟེགས་ལས་བཤུས།)



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1