2020ལོར་སི་ཁྲོན་གྱི་མཐོ་འབྲིང་རིམ་པའི་སློབ་གསོ་མྱོང་ཚད་90%ཡན་ལ་སླེབས་རྒྱུ་རེད།

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-26


        སྤྱི་ཟླ་4པའི་ཚེས་24ཉིན། རྒྱལ་ཡོངས་ཀྱི་མཐོ་འབྲིང་སློབ་གསོ་ཁྱབ་གདལ་དང་འགག་སྒྲོལ་ལས་དོན་ཚོགས་འདུའི་ཐོག་རྒྱུས་ལོན་བྱུང་བ་ལྟར་ན།  རང་རེའི་ཞིང་ཆེན་གྱིས་དུས་རིམ་བགར་ནས་མཐོ་འབྲིང་རིམ་པའི་སློབ་གསོ་ཁྱབ་གདལ་འགག་སྒྲོལ་ལ་སྐུལ་སྤེལ་བཏང་སྟེ།  2020ལོར། ཞིང་ཆེན་ཡོངས་ལ་མཐོ་འབྲིང་རིམ་པའི་སློབ་གསོ་ཁྱབ་གདལ་དུ་སོང་བ་དང་།  མཐོ་འབྲིང་རིམ་པའི་སློབ་གསོ་མྱོང་ཚད་90%ཡན་ལ་ཐོན་པར་མ་ཟད།  དབུལ་ཕོངས་ས་ཁུལ་དང་མི་རིགས་ས་ཁུལ།  དེ་མིན་མཐའ་མཚམས་ས་ཁུལ་དང་གསར་བརྗེ་རྙིང་པའི་ས་ཁུལ་སོགས་ཀྱི་སློབ་གསོ་མྱོང་ཚད་མངོན་སུམ་གྱི་མཐོར་འདེགས་སུ་གཏང་རྒྱུ་རེད། 
    རང་རེའི་ཞིང་ཆེན་གྱིས་དབུལ་ཕོངས་ས་ཁུལ་གྱི་མཐོ་འབྲིང་རིམ་པའི་སློབ་གསོ་འཕེལ་རྒྱས་ལ་རོགས་སྐྱོར་བྱ་རྒྱུ་གཙོ་གནད་དུ་འཛིན་རྒྱུ་རེད།  ལོ་ལྔའི་འཆར་གཞི་བཅུ་གསུམ་པར་དབུལ་ཕོངས་རྫོང་ལ་མཐོ་རིམ་སློབ་གྲྭ་འཛུགས་པའི་འཆར་འགོད་སྒྲིག་འཛུགས་བྱེད་པ་དང་།  འབྲིང་རིམ་རྨང་གཞིའི་ནུས་པ་ཚད་ལྡན་ཅན་དང་དཔེ་སྟོན་སློབ་གྲྭ་འཛུགས་པར་ཤུགས་སྣོན་བྱས་ནས།  2020ལོར་སློབ་གྲྭ་ཡོངས་དམིགས་ཚད་དུ་སླེབས་པར་བྱ་རྒྱུ་རེད།  བྱེད་ཐབས་མང་པོ་བཀོལ་ནས་ཤེས་ལྡན་མི་སྣ་དབུལ་ཕོངས་ས་ཁུལ་དུ་དགེ་རྒན་བྱ་བར་གདན་ཞུ་དང་དགེ་རྒན་གསོ་སྦྱོང་བྱས་ནས།  2020ལོར་ཕན་ནུས་ཟུང་ལྡན་གྱི་དགེ་རྒན་60%ཡན་ལ་སླེབས་པར་འབད་པ་བྱ་རྒྱུ་རེད། 
        དབུལ་སྐྱོར་དང་སློབ་སྐྱོར་ལ་ཤུགས་སྣོན་གཏང་ཆེད།  རང་རེའི་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་རོགས་དངུལ་དང་སློབ་ཡོན་མི་དགོས་པའི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་།  2017ལོར་ནོར་སྲིད་གྲབས་གསོག་མ་དངུལ་དུང་ཕྱུར་31.6བཏང་ནས།  མཐོ་འབྲིང་སློབ་མ་ཁྲི་120ལྷག་ལ་རོགས་རམ་བྱ་རྒྱུ་རེད།  བོད་ཁུལ་དང་དབྱི་རིགས་ས་ཁུལ་དུ་9+3རིན་མེད་སློབ་གསོའི་འཆར་གཞི་ལ་སྐུལ་འདེད་གཏོང་བ་མ་ཟད།  རོགས་དངུལ་སྲིད་ཇུས་ཞིང་ཆེན་ཡོངས་ཀྱི་དམིགས་བསལ་གྱི་དབུལ་ཕོངས་ས་ཁུལ་དུ་བཀྲམ་རྒྱུ་རེད།  ལོ་བཅོ་ལྔའི་སློབ་ཡོན་མི་དགོས་པའི་སློབ་གསོ་མི་རིགས་ས་ཁུལ་དུ་ལག་བསྟར་གཏིང་ཟབ་ཏུ་གཏོང་པ་དང་དམིགས་བསལ་ཅན་ལ་རོགས་དངུལ་ཇེ་མང་གཏང་དགོས་པར་མ་ཟད།  བྱང་བུ་བཟོས་པའི་དབུལ་ཕོངས་ཀྱི་དུད་ཁྱིམ་་དང་མ་མཐའི་འཚོ་བ་འགན་ལེན་དུ་གཏོགས་པའི་དུད་ཚང་།  དེ་མིན་དབང་པོ་སྐྱོན་ཅན་གྱི་སློབ་མ་སོགས་ཀྱིས་སྔོན་ལ་སློབ་གསོའི་འབྲེལ་ཡོད་སྲིད་ཇུས་ལོངས་སུ་སྤྱོད་ཐུབ་པ་འགན་སྲུང་བྱས།  སྤུས་ཚད་ལེགས་པའི་སློབ་གྲྭས་དབུལ་ཕོངས་ས་ཁུལ་གྱི་སྤུས་ཞན་པའི་སློབ་གྲྭ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལམ་ལུགས་བཙུགས་དགོས།།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1