སྡེ་དགེའི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་རྒྱས།

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-26


        སྡེ་དགེ་རྫོང་གི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་11025.24ཡོད་པ་དང་།  དབུལ་ཕོངས་མི་གྲངས་19080ལ་སླེབས་པས།  ཁུལ་ཡོངས་ཀྱི་བཅུ་ཆའི་གཅིག་ཟིན།  མི་འགྱངས་བར་གེ་སར་གནམ་ཐང་དང་ཁྲོ་ལ་རི་བོའི་ཕུག་ལམ་ལེགས་འགྲུབ་བྱུང་བ་དང་བསྟུན།  མ་འོངས་པའི་ལོ་ལྔ་ནི་སྡེ་དགེ་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་དེ་ཡིན་པ་སྡེ་དགེ་རྫོང་གི་གང་འོག་ཚང་མས་རྟོགས།  རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་ལེགས་པོ་འདོན་སྤེལ་མ་བྱས་པར་དབུལ་ཕོངས་ཀྱི་འཚོ་བ་རོལ་བའི་ད་ལྟའི་གནས་བབ་འདི་བསྒྱུར་ཆེད།  སྡེ་དགེ་རྫོང་གིས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཅིག་ཏུ་སྦྲེལ་ནས།  ལས་བྱེད་མང་ཚོགས་ཀྱིས་གྲ་སྒྲིག་ལེགས་པོས་དུས་ལྟར་ལས་ཀ་ལ་འབད་འབུངས་ལྷོད་མེད་བྱེད་པ་དང་།  དཀའ་བ་ཁྱད་དུ་བསད་ཅིང་ངལ་བ་དང་དུ་བླངས་ནས་དབུལ་སྒྲོལ་འབྱོར་འབྲིང་གི་ལམ་དུ་བསྐྱོད།  འགོ་བཙུགས་ས་གསར་པ་ནས་དམིགས་འདུན་གསར་པ་ལ་རྒྱང་ལྟ་བྱས་ཏེ།  ཨ་ཕྱུག་རྩྭ་ཐང་ནས་ཡིད་ལྷུང་ལྷ་མཚོ།  སྨན་ཤོད་ཀྱི་བྱང་ཆ་དོད་པའི་སྒྱུ་རྩལ་པའི་ལག་ཟུང་ནས་ཁྲོ་ལ་རི་བོའི་ཕུག་ལམ་གྱི་འཕྲུལ་ཆའི་སྒྲ་དབྱངས་ལས་སྡེ་དགེའི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་རྒྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1