མཐོ་སྒང་གི་ཁྱད་ཆོས་ལྡན་པའི་འོ་ཕྱེ་བཟོ་གྲྭ་ཟུང་ཆུ་རྫོང་ནས་འཛུགས་འགོ་ཚུགས་པ།

མཁའ་འགྲོ་འཚོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-26


        གངས་ལྗོངས་ཉི་གཞོན་དྲ་བའི་འཕྲིན།(གསར་འགོད་པ། མཁའ་འགྲོ་འཚོ།)ཚེས་26ཉིན་གྱི་སྔ་དྲོར། རྔ་བ་ཁུལ་ཟུང་ཆུ་རྫོང་ཅང་ཡུན་ཡུལ་ཚོ་ཡི་ས་མཐོའི་ཁྱད་ལྡན་གྱི་ཞིང་ཕྱུགས་ལས་རིགས་ཀྱི་ཐོན་རྫས་ལས་སྣོན་བྱེད་པའི་ཐོན་ལས་གླིང་གི་ར་སྐོར་ནང་དུ།སི་ཁྲིན་ཞིང་ཆེན་རྔ་བ་ཁུལ་ས་མཐོའི་ཁྱད་ནོར་གྱི་འགོ་འཛིན་ཝང་ཧྲི་ཆོན་སོགས་འབྲེལ་ཡོད་ཀྱི་འགན་ཁུར་མི་སྣ་དང་སྐུ་མགྲོན་གྱིས་ལྕགས་ཁེམ་བཟུང་ནས་རྨང་འདིང་མཛད་སྒོ་སྤེལ།ལས་གཞི་འདི་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་15དང་བྱེ་བ་3གཏོང་འཇོག་བྱས་ནས། ལོ་ཧྲིལ་བོར་འོ་བཟོས་ཐོན་རྫས་ཏུན་ཁྲི་9དང་སྟོང་6ཐོན་སྐྱེད་བྱེད་པའི་ལས་གཞི་དངོས་སུ་འཛུགས་སྐྲུན་བྱེད་འགོ་ཚུགས་རྒྱུ་རེད། ལས་གཞི་འདི་འཛུགས་སྐྲུན་བྱེད་འགོ་ཚུགས་པ་ནས་མི་འགྱང་བར་སི་ཁྲོན་གྱི་བྱིས་པ་དང་སློབ་མ། སྤྱི་དམངས་ཚང་མས་སི་ཁྲོན་གྱི་རང་ས་རང་ཡུལ་ནས་ཐོན་སྐྱེད་བྱས་པའི་འོ་བཟོས་ཐོན་རྫས་འཐུང་ཐུབ་རྒྱུ་རེད།
 

        རྔ་བ་ཁུལ་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ལས་གཞི་འདི་ནི་རྔ་བ་ཁུལ་དུ་མིག་སྔའི་བར་མ་དངུལ་གཏོང་ཚད་ཆེས་མང་བའི་ལས་གཞི་ཞིག་ཡིན་པ་མ་ཟད། སི་ཁྲོན་ཞིང་ཆེན་གྱི་ལས་གཞི་གཙོ་བོ་དང་། རྒྱལ་ཁབ་ཀྱི་ཆེད་དངུལ་རོགས་སྐྱོར་ལས་གཞིའང་ཡིན་པ་རེད། ལས་གཞི་གཙོ་བོ་ལ་འབྲི་མོའི་འོ་མའི་འབྱུང་ཁུངས་ལྟེ་གནས་དང་འབྲི་མོའི་འོ་མའི་ཐོན་ལས་གཅིག་བསྡུ་ས་ཁུལ། འབྲི་མོའི་འོ་མ་སྲོག་ཆགས་བཟོ་ལས་ལྟེ་གནས་དང་འབྲི་མོའི་དངོས་འབྲེལ་བཅས་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན། ལས་གཞི་འདི་རུ་རྔ་བ་ཁུལ་གྱི་འབྲི་མོའི་འབྱུང་ཁུངས་གཙོ་བོ་དག་དང་ཀན་སུའི་ཀན་ལྷོ། མཚོ་སྔོན་གྱི་འབྲི་མོའི་འབྱུང་ཁུངས་གཙོ་བོ་འགའ་བཅས་འདུས། དེའི་ཁྲོད་མཛོད་དགེའི་འོ་ཕྱེ་བཟོ་སྦྱོར་བཟོ་གྲྭས་མ་དངུལ་སྒོར་དུང་ཕྱུར་2·5བཏང་བ་དང་། རྔ་བ་རྫོང་འོ་ཕྱེ་བཟོ་གྲུས་མ་དངུལ་སྒོར་ཁྲི་3500གཏོང་འཆར་ཡོད་པ་དང་། ཟུང་ཆུའི་འབྲི་མོའི་འོ་མ་གཅིག་བསྡུའི་བཟོ་སྦྱོར་ར་བས་མ་དངུལ་སྒོར་དུང་ཕྱུར་2·5གཏོང་འཆར་ཡོད། འདིས་ལོ་རེར་བྱིས་པའི་འོ་ཕྱེ་ཏུང་ཁྲི་4དང་། ཡོང་འབབ་སྒོར་དུང་ཕྱུར་180ཟིན་པ་དང་། ཁྲལ་སྒོར་དུང་ཕྱུར་20ཡི་རྒྱ་ཁྱོན་མངོན་འགྱུར་བྱ་དགོས། ཟུང་ཆུའི་འབྲི་མོའི་འོ་མ་གཅིག་བསྡུའི་བཟོ་སྦྱོར་ར་བ་དངོས་སུ་ལེགས་འགྲུབ་བྱུང་རྗེས། མུ་མཐུད་དུ་མ་དངུལ་སྒོར་དུང་ཕྱུར9བཏང་སྟེ་ཟུང་ཆུ་དང་ཧུང་ཡོན། མཛོད་དགེ རྔ་བ་སོགས་འབྲི་མོ་འབྱུང་ཡུལ་གཙོ་བོ་དག་ནས་འོ་མ་བསྡུ་སའི་མཉམ་ལས་ཁང་300བཙུགས་ཏེ། ཉིན་རེར་འོ་མ་ཏུང་150གཡས་གཡོན་བསྡུ་ཐུབ་པར་ཁག་ཐེག་བྱས་ཏེ། ཟུང་ཆུ་དང་མཛོད་དགེ རྔ་བ་བཅས་འོ་ཕྱེའི་བཟོ་གྲྭར་འོ་མ་མཁོ་འདོན་བྱ་དགོས། དེ་ལས་གཞན་མཐོ་སྒང་གི་ནོར་བུས་མ་དངུལ་སྒོར་ཁྲི་3000བཏང་སྟེ་ཟུང་ཆུ་རུ་འབྲི་མོའི་འོ་ལས་རྒྱལ་ཁབ་བཟོ་སྐྲུན་ལྟེ་གནས་དང་ཡོན་ཧྲུ་ལས་སྒྲུབ་ཁང་འཛུགས་འཆར་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1