ཐང་གའི་ཐོན་ལས་འཕེལ་རྒྱས་ཡག་པོ་ཡོང་བ་བྱེད་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས།  སྤེལ་དུས། 04-27


འདི་ནི་ལྷ་འབྲི་བས་ཐང་ག་འབྲི་བའི་གནས་ཚུལ་ཡིན་པ།      
        བོད་ལྗོངས་ཀྱི“ཡུལ་སྐོར་གྱི་ཚ་རླབས”དང“ཐང་གའི་ཚ་རླབས”འཕྱུར་བ་དང་སྦྲགས་ཐང་ག་ཉིད་ཐོན་ལས་ཅན་གྱི་འཕེལ་རྒྱས་ལམ་བུའི་ཐོག་རིམ་གྱིས་བསྐྱོད་ནས་ཐང་གའི་ཐོན་ལས་དང་དེ་མིན་ཐོན་ལས་ཀྱི་ལས་རྣམ་སྦྲེལ་མཐུད་ཐུབ་ཚད་དང་མཉམ་འདྲེས་ཐུབ་ཚད་སྔར་བས་ཟབ་ཏུ་ཕྱིན་ཏེ་འབྲེལ་ཡོད་ཐོན་རྫས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཧ་ཅང་ཆེན་པོ་ཐུབ་ཡོད། ད་ཕན་ལོ་ཤས་རིང་རང་སྐྱོང་ལྗོངས་འབྲེལ་ཡོད་སྡེ་ཚན་གྱིས་མ་དངུལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐང་གའི་བརྩམས་ཆོས་བསྡུ་རུབ་བྱས་ནས་འགྲེམས་ཚོགས་ཆེ་གྲས་ནང་ཞུགས་པ། ཐང་གའི་རིགས་གཅིག་མཁས་ཅན་མཛོད་དང་ཐང་གའི་གསལ་འབྱེད་ལྟེ་གནས་འཛུགས་པ། ཐང་གའི་ཁྲོམ་ར་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་ཐང་གའི་ཐོན་ལས་འཕེལ་རྒྱས་ཡག་པོ་འགྲོ་རྒྱུར་འགན་ལེན་བྱས་ཡོད།།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1