དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་སྐབས་བདུན་པའི་ལས་འཛིན་ལྷན་ཚོགས་ཀྱི་ཐེངས་བཅོ་བརྒྱད་པའི་ཚོགས་གཙོ་རྒྱས་འཛོམས་གྲོས་ཚོགས་དང་གསོ་སྦྱོང་གྲོས་ཚོགས་དར་མདོར་འཚོགས།

མིག་དམར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 04-27


        སྤྱི་ཟླ4པའི་ཚེས26ཉིན་གྱི་སྔ་དྲོར། དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་སྐབས་བདུན་པའི་ལས་འཛིན་ལྷན་ཚོགས་ཀྱི་ཐེངས་བཅོ་བརྒྱད་པའི་ཚོགས་གཙོ་རྒྱས་འཛོམས་གྲོས་ཚོགས་དང་གསོ་སྦྱོང་གྲོས་ཚོགས་དེ་དར་མདོར་འཚོགས་པ་རེད། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་སངས་རྒྱས་བཀྲ་ཤིས། སི་ཁྲོན་བོད་སྐད་ནང་བསྟན་སློབ་གླིང་གི་འགོ་གཙོ། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རྒྱལ་བསྟན་བློ་བཟང་བྱམས་པ། ཁུལ་དམངས་ཆེན་གྱི་ཀྲུའུ་རེན་གཞོན་པ་སངས་དགའ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་བཀྲ་ཤིས། སྐུ་བཅར་ཡོན་ཏན་རྒྱ་མཚོ་སོགས་གྲོས་ཚོགས་སུ་ཞུགས་ཡོད་པ་རེད། 
        ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཁུལ་དམངས་ཆེན་གྱི་མི་རིགས་ཕྱི་དོན་ཨུ་ལྷན། ཁུལ་སྲིད་གྲོས་ཀྱི་མི་རིགས་ཆོས་ལུགས་ཨུ་ལྷན། ཁུལ་མི་རིགས་ཆོས་ལུགས་ཨུ་ལྷན་བཅས་ཀྱི་འགན་ཁུར་མི་སྣ་གྲོས་ཚོགས་ལ་ཞུགས་པ་རེད། 
        གྲོས་ཚོགས་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་ཐེངས་ལྔ་པའི་སི་ཁྲོན་འཐུས་མི་ཚོགས་པའི་གྲོས་ཚོགས་སུ་ཞུགས་སྐབས་ཀྱི་གལ་ཆེ་བའི་གསུངས་བཤད་རབ་དང་རིམ་པའི་དགོངས་དོན་བཅས་བརྒྱུད་བསྒྲགས་བྱས་ཤིང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་སྐབས་དགུ་པའི་ལས་འཛིན་ལྷན་ཚོགས་ཀྱི་བོད་བརྒྱུད་ནང་བསྟན་ལས་དོན་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་དགོངས་དོན་བརྒྱུད་བསྒྲགས་བྱས་པ་རེད། ཞིང་ཆེན་དང་ཁུལ་གྱི་བོད་བརྒྱུད་ནང་བསྟན་དགོན་པའི་རིགས་དབྱེ་དོ་དམ་ཚད་ལོན་དང་དཔལ་ཡོན་དང་འཆམ་མཐུན་གྱི་དགོན་པར་མིང་འདོགས་གཟེངས་བསྟོད་བྱེད་པའི་ལས་དོན་ཚོགས་འདུ་དང་། ཁུལ་ཡོངས་ཀྱི་ཆོས་ལུགས་ལས་དོན་གྱི་གྲོས་ཚོགས་དང་ཁུལ་ཨུའི་ཐེངས་བཅུ་གཅིག་པའི་ཏང་གི་འཐུས་མི་གྲོས་ཚོགས་ཀྱི་དགོངས་དོན་བཅས་སློབ་སྦྱོང་བྱས་པ་རེད།
        གྲོས་ཚོགས་ཐོག2016ལོའི་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ལོ་འཁོར་གྱི་ནོར་དོན་གཏོང་ལེན་བྱེད་པའི་གནས་ཚུལ་ལ་གྲོས་འཆམ་བྱུང་བ་དང《ནང་བསྟན་མཐུན་ཚོགས་ཀྱི་ལོ་རྒྱུས》དག་བཅོས་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་ཚུལ་སྐོར་གྱི་སྙན་ཞུ་ཕུལ་ཞིང་། སྐབས་བདུན་པའི་ཁུལ་ནང་བསྟན་ཚོགས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་གནས་ཚུལ་བརྡ་ཁྱབ་བྱས་པ་རེད། དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཆོས་ལུགས་ལས་དོན་གྱི་མཛུབ་སྟོན་ཨུ་ཡོན་ལྷན་ཁང་དང་དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་གོ་ཐོབ་དཔྱད་ཞིབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ལས་དོན་སྒྲིག་གཞི་དང་འཆར་འགོད། མི་དོན་བཅས་ཀྱི་བཀོད་སྒྲིག་ལ་བགྲོ་གླེང་བྱས་ཏེ་གྲོས་འཆམ་བྱུང་ཞིང་། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཐེངས་བརྒྱད་པའི་འཐུས་མི་གྲོས་ཚོགས་ཀྱི་འཐུས་མིའི་མིང་ཐོ་དང་ལས་འཛིན་གྱི་གྲོས་འགོའི་མིང་ཐོ། རྒྱུན་ཨུའི་ལས་འཛིན་གྲོས་འགོའི་མིང་ཐོ། ཐེངས་བརྒྱད་པའི་འཐུས་མི་གྲོས་ཚོགས་ཀྱི་གྲོས་རིམ་བཅས་འབྲེལ་ཡོད་གྲོས་ཚོགས་ཀྱི་ཡིག་ཆར་བགྲོ་གླེང་བྱས་ཏེ་གྲོས་འཆམ་བྱུང་བར་མ་ཟད། སྐབས་བདུན་པའི་ཁུལ་ནང་བསྟན་མཐུན་ཚོགས་ཀྱི《སྒྲིག་ཡིག》དག་བཅོས་བྱེད་པའི་བསམ་འཆར་བསྡུ་ལེན་བྱས་པ་རེད། 
        གྲོས་ཚོགས་སུ་ཁུལ་དང་རྫོང་ནང་བསྟན་མཐུན་ཚོགས་བར《ལྔ་གཉིས་གསུམ་གྱི་བྱ་འགུལ་རྒྱུན་རྣམ་ཅན་དུ་སྐུལ་འདེད་གཏོང་བའི་ལས་ཀའི་དམིགས་འབེན་འགན་འཁྲིའི་ཡི་གེ》བཞག་པ་རེད།། 


རྩོམ་ཡིག་རྗེས་མ།
སྤྱིའི་དེབ་27པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1