རྔ་བ་རྫོང་གི་མང་ཚོགས་ཡོངས་ཀྱིས་འོས་འགན་སྡོང་འཛུགས་པའི་བྱེད་སྒོ་སྤེལ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 04-28


      

         སྤྱི་ཟླ4པའི་ཚེས་26ཉིན། རྔ་བ་རྫོང་གིས“རྨིན་ཅང་གཙང་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཁུལ་འཛུགས་སྐྲུན་བྱས་ཏེ། མང་ཚོགས་ཡོངས་ཀྱི་སྡོང་འཛུགས་བྱེད།”ཞེས་པ་བརྗོད་དོན་དུ་བཟུང་པའི་མང་ཚོགས་ཡོངས་ཀྱིས་འོས་འགན་སྡོང་འཛུགས་པའི་བྱེད་སྒོ་སྤེལ། རྫོང་རིམ་པའི་འབྲེལ་ཡོད་ཀྱི་ལས་ཁུངས་ཁག་དང། སློབ་གྲྭའི་དགེ་རྒན་དང་སློབ་མ། རྫོང་བཅའ་སྡོད་ཀྱི་དྲག་ཆས་ཉེན་རྟོག་པ་དང་དམག་མི་སོགས་མི་གྲངས་1700ལྷག་འོས་འགན་སྡོད་འཛུགས་བྱེད་སྒོར་ཞུགས།


        ཤེས་རྟོགས་བྱུང་པར་ལྟར་ན། ད་ལོ་ནི་རྔ་བ་རྫོང་གི་མང་ཚོགས་ཡོངས་ཀྱི་འོས་འགན་སྡོང་འཛུགས་བྱེད་སྒོ་སྤེལ་ནས་ལོ་འཁོར་39པའི་ལོ་ཡིན་ལ། དེ་བས་འོས་འགན་སྡོང་འཛུགས་ས་ཚིགས་གསར་པ་11བཙུགས་ཡོད་ལ། ཐེངས་འདིའི་བྱེད་སྒོའི་ཁྲོད་གསོམ་ཤིང་རྐང་1800ལྷག་འཛུགས་པ་དང་། འདེབས་འཛུགས་ཀྱི་རྒྱ་ཁྱོན་མུའུ་40ལྷག་ཟིན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1